རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་གཟེངས་རྟགས།
2011.05.04

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། རྡོ་རྗེ་དགྲ་འདུལ།
༄༅༎ཕྱི་ཟླ་༥ཚེས་༤རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨ་མེ་རི་ཀའི་ཡན་ལག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་བའི་མཛད་འཕྲིན་ལ་རྗེས་དྲན་དང་ཆེ་བསྟོད་ཞུ་བའི་ཆེད་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོག་མ་དེ་ཕུལ་བའི་གནས་ཚུལ་འདུག།