སངས་རྒྱས་རྗེས་དྲན་གྱི་སྐྱེད་མོས་ཚལ།
2010.05.27
༄༅༎དེ་རིང་གི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་སྦི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦི་ཧཱར་གྱི་རྒྱལ་ས་པཊ་ན་ནང་སངས་རྒྱས་རྗེས་དྲན་གྱི་སྐྱེད་མོས་ཚལ་ཞིག་དབུ་འབྱེད་གནང་ཕྱིར་ཞབས་སོར་འཁོད་གནང་མཛད་འདུག།འབྲེལ་ཡོད་མཛད་འཆར་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་དང་བཀའ་བློན་བསྟན་པ་ཚེ་རིང་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎