ལོ་གཉིས་ནར་འགྱངས་ཀྱི་སྲོག་ཐོག

རྒྱ་གཞུང་གིས་བོད་མི་བསོད་ནམས་ཚེ་རིང་ཞུ་བར་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་པ།

2010.11.20
བསོད་ནམས་ཚེ་རིང་ལགས། བཀྲིས་ཆོས་སྒྲོན་ལགས། ཚེ་དབང་འགྱུར་མེད་ལགས།
བཙན་བྱོལ་བོད་གཞུང་དྲ་གནས།

༄༅༎བཙན་བྱོལ་བོད་གཞུང་གི་དྲ་བའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས། འདི་ལོའི་ཕྱི་ཟླ་ལྔ་པའི་ནང་ཁམས་སྡེ་དགེ་དཔལ་ཡུལ་རྫོང་ཁོངས་ནས་ཡིན་པའི་ན་གཞོན་བསོད་ནམས་ཚེ་རིང་ལ། ༢༠༠༨་ལོར་ལྷ་སར་༣།༡༤་ཞི་རྒོལ་ནངསྣེ་ཁྲིད་བྱས་པའི་ཉེས་མིང་བཀལ་ཏེ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གཏང་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་ཚེ་དབང་འགྱུར་མེད་དང༌། དཔལ་ཡུལ་ནས་ཡིན་པའི་བཀྲིས་ཆོས་སྒྲོན། སྨར་ཁམས་ནས་ཡིན་པའི་སྒྲོལ་དབྱངས། ཀོང་པོ་ནས་ཡིན་པའི་ག་གཡང་། ལྷ་ས་ནས་ཡིན་པའི་ཨ་ནེ་ཡེ་ཤེས་མཚོ་མོ། ལྷ་ས་ནས་ཡིན་པའི་བཀྲ་དབྱངས། ལྷ་ས་ནས་ཡིན་པའི་སྒོ་རའི་ཙུའུ་ཀྲང་པ་སངས་ཚེ་རིང་བཅས་བསོད་ནམས་ཚེ་རིང་དང་འབྲེལ་ཡོད་བོད་མི་བདུན་ཙམ་ལ་བསོད་ནམས་ཚེ་རིང་འགེབས་སྲུང་བྱས་པའི་ཉེས་མིང་འོག་ལོ་༡་ནས་༧་བར་བཙོན་འཇུག་དགོས་པའི་ཁྲིམས་ཆད་བཏང་ཡོད་འདུག

བསོད་ནམས་ཚེ་རིང་༢༠༠༨ལོའི་ཟླ་༣ པའི་ཞི་རྒོལ་ནང་ཞུགས་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བརྡ་ཁྱབ་ཤུགས་ཆེ་སྤེལ་ཏེ། རྩིས་སྤྲོད་བྱེད་མཁན་ལ་དངུལ་གྱི་བྱ་དགའ་ཁྱོན་ཆེ་སྤྲོད་རྒྱུའི་ཁྱབ་བསྒྲགས་ཐེངས་མང་བྱས་པ་དང༌། མཐར་༢༠༠༩ ཟླ་ ༡༠ པའི་ནང་འཛིན་བཟུང་བྱས་ནས། ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་རྗེསད་ལྟའི་ཆར་ལྷ་སའི་བཙོན་ཁང་གང་ཞིག་ནང་དུ་ཡོད་པ་དང༌། ད་ལྟ་འཚོ་གནས་ཡོད་མེད་ཀྱི་གནས་སྟངས་སོགས་གང་ཡང་གོ་རྒྱུ་མེད་པ་ཡིན་འདུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎