ཨི་ཇིཔཏ་ནང་སྒེར་ལངས།

ཧོས་ནི་མུ་བ་རཁ་བསྐྱར་དུ་འོས་བསྡུར་མི་བཞེངས་རྒྱུའི་གསུང་བཤད་ལ་མི་དམངས་ནས་ཡིད་ཆེས་མི་བྱས།

2011.02.02
ཧོས་ནི་མུ་བ་རཁ་ཡི་བསྐྱར་དུ་འོས་བསྡུའི་ནང་མི་བཞེངས་རྒྱུའི་གསུང་བཤད་ལ་མི་དམངས་ནས་ཡིད་ཆེས་མི་བྱས་པ།
ཨེ་ཨེཕ་པི།

༄༅༎ཨི་ཇིབ་ཊ་སྲིད་འཛིན་Hosni Mubarak གིས་ཁ་ས་བརྙན་འཕྲིན་བརྒྱུད་ རྒྱལ་ཡོངས་གསུང་འཕྲིན་ནང་ཁོང་ཕྱིས་འབྱུང་འོས་བསྡུའི་ནང་བཞེངས་ཀྱི་མིན་གསུངས་པའི་བཀའ་མོལ་གྱི་རྗེས་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་དང་། ངོ་རྒོལ་གནང་མཁན་མང་ཚོགས་ནས་ཁོང་གི་བཀའ་མོལ་ལ་ཡིད་ཆེས་ཐུབ་རྒྱུ་མེད་ལ་ཁོང་འཕྲལ་མ་ཉིད་དུ་དགོངས་ཞུ་དགོས་ཀྱི་ཡོད་ཅེས་ མུ་འཐུད་ངོ་རྒོལ་བྱེད་བཞིན་ཡོདཔ་རེད།
དགུང་གྲངས་༨༢་ལ་ཕེབས་པའི་ ཨི་ཇིབ་ཊ་གི་སྲིད་འཛིན་Hosni Mubarak གིས་འདས་པའི་ལོ་ངོ་༣༠འི་རིང་ མི་གཅིག་དབང་འཛིན་ལ་ འདས་པའི་གཟའ་འཁོར་ནང་ མང་ཚོགས་ཀྱི་ངོ་རྒོལ་བྱུང་སྟེ་ ཁ་ས་མང་ཚོགས་ས་ཡ་བརྒལ་བས་ རྒྱལ་ས་ Cairo གཙོ་བོ་འགྱུར་བའི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་མུ་མཐུད་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
སྲིད་འཛིན་Mubarak གིས་ ཨི་ཇིབ་ཊ་འདི་ངའི་ལུང་པ་ཡིན་ལ་ ངས་རྒྱལ་ཁབ་འདིར་སྡོད་ཀྱི་ཡོད་ལ་ ད་བར་རྒྱལ་ཁབ་འདིའི་ཁེ་དབང་དང་རང་དབང་ལ་འཐབ་རྩོད་ཀྱིས་སྲུང་སྐྱོབ་བྱས་པ་ཡིན། མཐའ་མ་ང་འཆི་བ་ཡིན་རུང་རྒྱལ་ཁབ་འདིའི་ས་ཐོག་ལ་འཆི་ཀྱི་ཡིན་ཞེས་བཀའ་མོལ་བརྫིག་པོ་ཞིག་གསུངས་ཡོད་པ་རེད། འོན་ཀྱང་མང་ཚོགས་ངོ་རྒོལ་གནང་མཁན་ཚོས་ཁོང་དགོངས་པ་མ་ཞུས་ཀྱི་བར་ངོ་རྒོལ་གནང་གི་ཡིན་ཞེས་ དཔེར་ན་ཁ་ས་དགོངས་དྲོ་སྲིད་འཛིན་གྱི་གསུང་བཤད་ཀྱི་རྗེས་སུ་ངོ་རྒོལ་གནང་མཁན་མང་ཚོགས་སྟོང་ཕྲག་གཉིས་ཙམ་གྱིས་ མཚན་མོ་རང་གི་ཁྱིམ་ལའང་མ་ལོག་པར་ མཚན་སྒང་རྒྱལ་ས་Cairoརོའི་་ Tahrir ཐང་ཆེན་གྱི་ནང་ངོ་རྒོལ་བྱས་ནས་སྡོད་ཡོད་པ་རེད།
འཛམ་གླིང་ཞི་བདེའི་བྱ་དགའ་བཞེས་མཁན་ ཨི་ཇིབ་ཊ་གི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ Mohamed El Baradei ཡིས་་ སྲིད་འཛིན་Mubarak གི་བཀའ་མོལ་དེ་ནི་རང་ཉིད་ཀྱི་མུ་མཐུད་དབང་ཆའི་སྣེ་མོར་སྡོད་ཐབས་སླད་ མང་ཚོགས་ལ་མགོ་བསྐོར་གཏོང་ཐབས་ཀྱི་འབད་བཙོན་ཞིག་རེད་ཅེས་ གསུངས་ཡོད་པ་རེད།
ཨིབ་ཇིབ་ཊ་གི་སྲིད་འཛིན་Mubarak ལ་སྲིད་དབང་ནས་དགོངས་ཞུ་དགོས་པའི་ཐད་ཕྱིའི་ཆབ་སྲིད་ཀྱི་གནོན་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད་པ་དང་ དེ་ཡང་ཁ་ས་སྲིད་འཛིན་Mubarak གི་རྒྱལ་ཡོངས་གསུང་འཕྲིན་གྱི་རྗེས་སུ་ཨ་རིའི་སྲིད་འཛིན་Obama མས་ཨི་ཇིབ་ཊ་གི་ནང་སྲིད་དབང་བཅོས་བསྒྱུར་གྱི་ལས་གཞི་ལམ་སང་འགོ་བཙུགས་དགོས་པ་གསལ་པོ་གསུངས་ཡོད་པ་དང་ ཕྱོགས་མཚུངས་ཁྱིམ་མཚེས་Turkey སྲིད་བློན་Er་dogan གིས་ སྲིད་འཛིན་Mubarak གིས་ ད་ལྟའི་ལམ་ཕྱོགས་འདི་མིན་པའི་ ཐབས་ལམ་གཞན་ཞིག་ བཟུང་དགོས་ཀྱི་རེད་ཅེས། མདོར་དོན་ཕྱི་ནང་ཚང་མས་ཁོང་ལ་སྲིད་དབང་འཕྲལ་མ་ཉིད་དུ་གློད་གཏོང་དགོས་པའི་ཆབ་སྲིད་ཀྱི་གནོན་ཤུགས་དང་ གོ་དོན་ཤུགས་ཆེ་སྤེལ་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎