རྐང་ལག་ཕན་མེད་བཟོས་པ།
2012.01.12

དགེ་བཤེས་སྨོན་ལམ་མཐར་ཕྱིན།
༄༅༎དེ་རིང་གི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་བོད་མདོ་ཁམས་སྡེ་དགེ་འཇོ་མདའ་ཁུལ་ནས་༢༠༠༩ལོར་འཛིན་བཟུང་གིས་ལོ་དྲུག་བཙོན་འཇུག་ཉེས་ཆད་ཕོག་པའི་ཆབ་སྲིད་བཙོན་ཟུར་ཨ་ཤག་ཚང་ནོར་ལྷ་ལགས་གི་ཕུང་པོ་ཟླ་བ་འདིའི་ཚེས་༩ཉིན་འབྲི་གུང་དུར་ཁྲོད་དུ་བྱ་གཏོར་སྐབས་ཁོང་ལ་དུག་ཤོར་བའི་རྟགས་མཚན་ཐོན་ཡོད་པ་དང༌།གཞན་ཆབས་སྲིད་བཙོན་བཙོན་པ་མགོན་པོ་དར་རྒྱས་ལགས་སོགས་ལ་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བས་རྐང་ལག་སྐྱོན་ཅན་བཟོས་ཡོད་པའི་སྐོར་གནས་ཚུལ་འབྱུང་ཁུངས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་འདྲི་ཞུས་པར་གསན་རོགས༎