ཉི་ཧོང་ནང་གི་མཛད་འཆར།

བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་༸གོང་ས་མཆོག་གི་ཉི་ཧོང་གི་མཛད་འཆར་སྐོར་ངོ་སྤྲོད་གནང་།

2010.06.19
༸གོང་ས་མཆོག་གྲོང་ཁྱེར་ན་ག་ནའུ་ནང་ཛེན་གོ་ཇི་ཞེས་པའི་དགོན་པའི་ནང་ཆིབས་བསྒྱུར་དང་སྨོན་ལམ་གསོལ་འདེབས་སྩོལ་བཞིན་པའི་སྐུ་པར།
ཨེ་ཨེཕ་ཕི།
གསར་འགྱུར་ལ་གསན་རོགས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཕྱི་ཚེས་བཅོ་བརྒྱད་ཀྱི་ཉིན་ཉི་ཧོང་དུ་ཞབས་སོར་འཁོད་གནང་ཡོད་པ་དང༌། དེ་རིང་ཕྱི་ཚེས་བཅུ་དགུ་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ནང་ཡོད་པའི་གསར་འགྱུར་ལས་ཁང་དུ་ཆིབས་བསྒྱུར་དང་བཀའ་སློབ། དེ་ནས་དེའི་རྗེས་སུ་གྲོང་ཁྱེར་ན་ག་ནའུ་ལ་ཆིབས་བསྒྱུར་གནང་སྟེ། ཛེན་གོ་ཇི་ཞེས་པའི་དགོན་པའི་ནང་འཛམ་གླིང་སྤྱིའི་ཞི་བདེ་དང་ལྷག་པར་དུ་བོད་ནང་རང་བྱུང་གི་རྐྱེན་ངན་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་དུ་སྨོན་ལམ་གསོལ་འདེབས་སྐྱོན་གནང་ཡོད་པའི་སྐོར། རིག་ལྡན་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་ཧི་ཧོང་སྐུ་ཚབ་དོན་གཅོད་སྐུ་ངོ་ལྷག་པ་མཚོ་སྒོ་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎