དགེ་སློང་འཇམ་དབྱངས་དཔལ་ལྡན།
2012.03.14

བོད་ནས་འདི་ག་རླུང་འཕྲིན་ལ་བཏང་འབྱོར།
༄༅༎ཕྱི་ཟླ་༣ཚེས་༡༤རེས་གཟའ་ལྷག་པའི་ཉིན་བོད་ནས་ཐད་ཀར་གནས་ཚུལ་ཐོན་གསལ་ལ། བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཨང་༢༨པ་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་སློང་འཇམ་དབྱངས་དཔལ་ལྡན། སྱི་ལོ་༡༩༧༣ལོར་ཨ་མདོ་རེབ་གོང་རྒྱལ་བོ་ལྡོང་ངེ་སེ་བར་འཁྲུངས། ཕའི་མིང་ལ་དཀོན་མཆོག་སྐྱབས་སམ་དཀོན་ཏེས་ཟེར་ཞིང་ང་མའི་མིང་ལ་ལྕགས་མོ་ཟེར། ཁོང་ནི་ལྡོང་ངེ་དཀོན་ཏིས་ཚང་ལ་བུ་བུ་མོ་སྤུན་གཅེན་གཅུང་དྲུག་ཡོད་པ་ལས་སྤུན་ཆེ་བ་དགེ་བཤེས་དགེ་ལེགས་ནས་བརྩིས་པའི་ཨང་ལྔ་བ་དེ་རེད་ལ་ཁོང་གྱི་ཕ་མ་གཅིག་པའི་སྤུན་ཕུ་བོ་དགེ་བཤེས་དགེ་ལེགས་མཆོག་ད་ལྟ་རེབ་གོང་རོང་བོ་དགོན་པའི་མཁན་པོ་ལས་ཐོག་པ་ཡིན། རང་ལོ་༡༨སྟེང་རེབ་གོང་རོང་བོ་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་གྱི་ཆོས་སྒོར་ཞུགས་ཏེ་རིམ་པར་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་གནང་ཞིང་ད་ལྟ་འདུལ་བའི་འཛིན་གྲྭར་བསླེབས་འདུག ཁོང་ནི་ནམ་རྒྱུན་ཆོས་འཆད་ཉན་དང་དཔེ་བལྟ་དཔེ་གཟིགས་ཁོ་ནར་གཅིག་ཏུ་གཞོལ་མཁན་ཞིག་ཡིན་པར་མ་ཟད། གཉོམ་ཆུང་ཚུལ་མཐུན་སྒོས་ཡ་རབས་ཀུན་སྤྱོད་ཀྱི་ལས་ཁོ་ནར་གཞོལ་མཁན་ཞིག་རེད། ཁོང་ནི་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོའི་སྐབས་རེབ་གོང་དུ་ཞི་བའི་ངོ་རོལ་གྱི་ལས་འགུལ་ནང་ཞུགས་ཏེ་དམག་མིས་འཛིན་བཟུང་བྱས་པར་མ་ཟད་གཅར་རྡུང་བྱས་ཏེ་སྨན་བཅོས་ཡུན་རིང་བྱས། ད་ལོ་སྤྱི་ལོ་༢༠༡༡ལོའི་གསུམ་གཅིག་བཞིའི་དུས་དྲན་གྱི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་བཅོ་ལྔ་ཡས་མས་སུ་རེབ་གོང་རོང་བོ་དགོན་པའི་མདུན་གྱི་སྒྲོལ་མའི་ཐང་ཆེན་དུ་རོང་བོ་དགོན་པའི་ཕྱོགས་སུ་ཕྱག་གསུམ་འཚལ་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་གནང་དགོས། བོད་ཀྱི་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས། ཞེས་སྐད་འབོད་གནང་སྟེ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེ་རུ་སྦར།
མེར་བསྲེགས་གཏོང་བཞིན་པའི་སྐབས་རྒྱ་ནག་གྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པས་གནས་དང་དགོན་པ་སོགས་ཡོང་ཏེ་མེ་བསད་རྗེས་ཁུལ་དེའི་མི་དམངས་སྨན་ཁང་དུ་འཁྱེར། ཉིན་འདི་གར་སྲིད་གཞུང་གྱིས་ཉིན་མཚན་ཀུན་ཏུ་དགོན་པའི་མཐའ་སྐོར་སྲུང་ཡོད་པས་དེ་མ་ཐག་ཤེས་པ་རེད་འདུག སྐབས་དེར་རོང་བོ་དགོན་ཆེན་གྱི་གྲྭ་བ་རྣམས་ཚོགས་ལ་འཚོགས་བཞིན་ཡོད་པས་ལམ་སང་ཤེས་རྟོགས་བྱུང་སྟེ་གྲྭ་བ་མང་པོ་ཞིག་དང་ཉེ་འཁོར་གྱི་མང་ཚོག་མང་པོ་སྨན་ཁང་དུ་ཕྱིན་ཏེ་ཁོང་དམག་མི་དང་ཉན་རྟོག་པའི་ལག་ནས་ཚུར་བླངས། དགོན་པའི་ཚོགས་ཆེན་འདུ་ཁང་གྱི་ཆོས་གྲྭར་འཁྱེར་ཡོང་སྟེ་སྐྱབས་འཇུག་སྨོན་ལམ་གནང་རེས་གསོན་རྒྱུར་རེ་ཐག་ཡོད་པ་ཤེས་ཏེ་ཁོང་གྱི་གྲྭ་ཤག་ཏུ་ཁར་ཏེ་སྨན་བཅོས་བྱེད་བཞིན་ཡོད། ཁོང་གྱི་རྐང་བ་དང་ལག་པ། ད་དུང་རྒྱབ་དང་མགོ་ཕྱེད་བཅས་ཚིག་རྨས་ཚབས་ཆེན་བྱུང་འདུག་པས་དེ་རིང་ད་དུང་འདས་གསོན་གྱི་དབྱེ་བ་འབྱེད་ཐུབ་ཀྱིན་མི་འདུག
ཁོང་གྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་གུང་ཆུ་ཚོད་བཅུ་གཉིས་ནས་བཟུང་རོང་བོ་དགོན་ཆེན་གྱི་གྲྭ་དམངས་གཙོ་བྱས་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་གྱི་སློབ་མ་དང་མང་ཚོགས་མང་པོས་དགོན་པའི་མཐའ་བསྐོར་དུ་འདུ་འཛོམས་བྱས་ཏེ་༸གོང་ས་མཆོག་གྱི་༸ཞབས་བརྟན་གསོལ་འདེབས་ད་བྱང་ཆུབ་སེམས་མཆོག་མ་གསུངས་པ་དང་། ད་དུང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། མི་རིགས་འདྲ་མཉམ། དམངས་གཙོ་བརྩོན་ལེན་སོགས་ཀྱི་འཕྲེད་དར་དང་ཁ་གཡང་བསྒྲགས་ཏེ་སྲིད་གཞུང་གྱི་མདུན་དུ་ཞི་བའི་ངོ་རྒོལ་གྱི་རྣམ་པས་ཕྲེང་བསྒྲིགས་ཏེ་ལམ་དུ་ཞུགས་ནས་འགྲོ་སྐབས་དམག་མིའི་དྲག་ཆས་སྤྲས་ཏེ་མཐའ་བསྐོར་བ་དང་རླངས་འཁོར་ཆེ་ཆུང་མང་པོས་འགྲོ་ལམ་བཀག་པར་མ་ཟད། དགོན་པའི་དོ་དམ་མི་སྣ་འོངས་ཏེ་ཞུ་བ་ཡང་ཡང་ཞུས་མཐར་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་རང་རང་སར་གྲོལ་བ་རེད།
དེ་མིན་ད་དུང་དེ་རིང་སྔ་དྲོར་རྨ་ལོ་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གྱི་སློབ་མ་ཚོས་ཀྱང་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་ཁ་གཡང་བསྒྲགས་ཏེ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་འདུག།