སླར་ཡང་རང་ལུས་མེར་བསྲེཌ།

ཨ་མདོ་རྔ་བ་ཁུལ་དུ་སླར་ཡང་ནོར་བུ་དགྲ་འདུལ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེཊ་བཏང་སྟེ་ངོ་རྒོལ་གནང་བ།

2011.10.15
སླར་ཡང་རང་ལུས་མེར་བསྲེགས་བཏང་ནས་ངོ་རྒོལ། འདྲ་པར་འདི་ཕྱི་ལོ་ ༢༠༠༩་ ལོར་རྒྱབ་ཅིང་སྐབས་དེར་ཁོང་གྲྭ་བ་ཡིན་འདུག
ཀ་ཉག་ཚེ་རིང༌།
གསར་འགྱུར་ལ་གསན་རོགས།

༄༅༎དེ་རིང་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན། སླར་ཡང་བོད་མདོ་སྨད་ཨ་མདོ་རྔ་བ་ནས་ཡིན་པའི་ནོར་བུ་དགྲ་འདུལ་ལགས་ཞུ་བ་ཞིག་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས། བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་བཞིན་དུ་རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར། ཀིརྟི་བྱེས་པ་གྲྭ་ཚང་གིས་བོད་གནས་འབྲེལ་འཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

Anonymous
Oct 15, 2011 03:34 AM

ད་བར་བོད་ཀྱི་དཔའ་བོ་རང་ལུས་མེར་བསྲེག་གཏོང་མཁན་རྣམ་པའི་ལོ་རྒྱུས་་སྐུ་པར་བཅས་པ་ཞིག་ད་བར་ངས་མཐོང་མ་བྱུང་།
གལ་ཏེ་ཡོད་ངོ་སྤྲོད་དང་མེད་ཁྱེད་ཚོས་དེ་འདྲ་ཞིག་འདོན་ཐུབ་ན་ཡག་པོ་འདུག

Anonymous
Oct 17, 2011 05:32 PM

ད་ལམ་བོད་ནང་ནས་བོད་མི་ཚོས་རང་གི་ལུས་སོགས་ལོང་སྤྱོད་བོད་སྤྱི་བའི་དོན་ལ་ཕུལ་གནང་གི་འདུག འོན་ཀྱང་བཙན་བྱོལ་ནང་དུ་༧གོང་ས་མཆོག་གི་སྐུ་ལས་སྐྱོན་གནང་བའི་མང་གཙོའི་གཞུང་དེ་མེད་པ་ཟོ་བ་མ་བཟད་༧གོང་ས་མཆོག་གི་སྐུ་དབང་ཡང་མེད་པ་ཟོས་སོང་། དངོས་ནས་བློ་འཕམ་དང་ཞབས་འདྲིན་རེད། ཡིན་ན་ཡང་ང་ཚོ་གཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སེམས་ཤུགས་མ་ཆག་པར་ད་བར་བོད་དོན་ཆེད་ལས་སྐུལ་འདྲ་མིན་སྤེལ་ཞིང་ཡོད། བོད་རྒྱལ་ལོ་། བརྗེས་སུ་མཆན་འགྲེལ་གང་མང་ཡོད།།།།

Anonymous
Oct 18, 2011 05:16 PM

ད་རིང་གུས་པས་ཐོགས་མར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཐུགས་རྗེ་ཆེ་བཞུ་རྒྱུ་ཡིན། གང་ཡིན་ཟེར་ན་དུས་ཚོད་བསྙན་དྲང་ཆེན་པོ་འདི་སྐབས་གུས་ཚོའི་སེམས་ཀྱི་སྐད་ཆ་རྣམས་དྲ་རྒྱའི་ཐོགས་ནས་མཆན་འགྲེལ་ལྷུག་པོར་སྐོད་ཐུབ་པ་འདི་ལ་སླར་ཡང་ཐུགས་རྗེ་ཆེ་བཞུ་རྒྱུ་ཡིན་དངོས་ནས་བོད་སྤྱི་ལ་ཕན་པའི་ལས་བཟང་ཞིག་རེད།

Anonymous
Oct 18, 2011 05:38 PM

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ངོ་དྲུག་བཅུ་ལྷག་སྐུ་ལས་སྐྱོན་གནང་བའི་ཐུགས་རྗེ་ལེགས་འབུལ་དུ། ཁོང་གི་སྲིད་དབང་ཡོང་སུ་རྫོགས་པ་ཕྲོག་པ་མ་ཟད་ཁོང་གི་གཙུག་གནང་བའི་མིང་དོན་ཚུང་པའི་མང་གཙོའི་གཞུང་དེ་ཡང་མེད་པ་ཟོས་པ་རེད། འོ་ན་དེ་ཐུགས་རྗེ་ལེགས་འབུལ་རེད་དམ།།།།། དབུ་ལ་བཞུགས་པའི་སྲིད་དབང་རྣམས་པ་ཚོས་ཐུགས་ཀྱི་བཟོད་པ་འདུག་གམ།།།།།།།།།།།།།།།