ཉི་ཧོང་ནང་ཨོ་ལིམ་པིཀས་དཔལ་འབར་ལ་ངོ་རྒོལ།
2008.04.28
ཨེ་ཨེཕ་པི།
༄༅༎ཉི་ཧོང་ནང་རྒྱ་ནག་པེ་ཅིང་ཨོ་ལིམ་པིཀས྄་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། དེ་བཞིན་བལ་ཡུལ་ནང་གི་བོད་མི་ཚོས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་གྱི་ལས་འགུལ་དང་ཟས་བཅད་ངོ་རྒོལ། མ་ཎི་གསོག་སྒྲུབ་སོགས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང༌༎