ཡུལ་ཤུལ་ནང་ཆེན་དུ་སྡེབ་ལངས།

མཚོ་སྔོན་ཡུལ་ཤུལ་ས་གནས་ནང་ཆེན་རྫོང་དུ་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་སྡེབ་ལངས་སྤེལ་བ།

2012.02.08
མཚོ་སྔོན་ཡུལ་ཤུལ་ས་གནས་ནང་ཆེན་རྫོང་དུ་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་སྡེབ་ལངས་སྤེལ་བ།
བོད་ནས་བཏང་འབྱོར།

༄༅༎དེ་རིང་ཕྱི་ཟླ་གཉིས་པའི་ཚེས་བརྒྱད་ལྷ་དཀར་ཉིན་བོད་ཀྱི་ནང་ཆེན་རྫོང་དུ་བོད་མི་སྟོང་ཕྲག་གཅིག་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
དེ་ཡང་གནས་ཚུལ་ཐོན་པར་གཞིགས་ན།མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ས་གནས་ཀྱི་ནང་ཆེན་རྫོང་གི་རྩེད་ཐང་དུ་བོད་མི་ཆིག་སྟོང་ཙམ་འདུ་འཛོམས་བྱས་ཏེ་ཞི་བའི་ངོ་རྒོལ་བྱས་ཡོད་ཅིང༌།བོད་མི་དེ་རྣམས་ནི་མང་ཆེ་བ་མི་སྐྱ་ཡིན་པ་དང༌།སྐབས་དེར་ཁོང་ཚོའི་མཐའ་སྐོར་དུ་རྒྱ་མིའི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་འགྲེམས་འཇོག་བྱས་ཡོད་ཀྱང་བོད་མི་ཚོས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་བོད་ལུགས་ཕྱུ་པ་གྱོན་པ་དང༌། རྩམ་པ་སྒམ་པ། མ་ཎི་གསོག་པ་མ་ཟད། བོད་ལ་རང་དབང་དགོས་། རྒྱལ་བ་རིན་པོ་ཚེ་སྐུ་ཚེ་བརྟན་པ་ཤོག་ཅེས་སྐད་འབོད་བྱས་ཡོད་པ་རེད། དེར་བརྟེན་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་བོད་མི་ཚོར་ཉེ་བར་བཅར་ཡོང་བའི་སྐབས། ཀི་ཧི་ཧི་ཟེར་སྐད་བརྒྱབ་པ་དང་བོད་མི་ཞིག་གིས་དྲག་ཆས་ཉེན་རྟོག་པའི་ཁ་གཏད་དུ་ལངས་ཡོད་ཀྱང་སྐབས་དེར་སྐབས་དེར་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་བོད་མིའི་མདུན་དུ་མ་བཅར་བར་ཕྱིར་གཤིག་རྒྱབ་ཏེ་བོད་མི་དང་རྒྱང་རིང་ཙམ་ནས་བལྟ་རྟོགས་བྱས་དེ་བསྡད་ཡོ་དཔ་རེད། ད་ལྟའི་འཆར་བོད་མི་ངོ་རྒོལ་བྱེད་མཁན་དང་རྒྱ་མིའི་ཉེན་རྟོག་པའི་དབར་ལ་དྲག་པོའི་དོན་རྐྱེན་གང་ཡང་བྱུང་མེད་ཀྱང་བོད་མི་རྣམས་རྩེད་ཐང་ནང་དུ་བསྡད་དེ་ངོ་རྒོལ་མུ་མཐུད་བྱེད་བཞིན་ཡོད་པ་རེད། ད་དུང་དེ་རིང་ནང་ཆེན་རྫོང་གི་དགོན་པའི་ནང་དུ་བོད་མི་བརྒྱ་གྲངས་འགའ་ཤས་འདུ་འཛོམས་ཀྱིས་བོད་དོན་ཆེད་ཚེ་སྲོག་ཤོར་བའི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་ཀྱི་ཆོས་འབུལ་སྨོན་ལམ་ཚོགས་པ་མ་ཟད། གསང་གསོལ་ཡང་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎