ཉེན་རྟོགས་པས་གོམ་བགྲོད་བཀའ་འགོག་བྱས་པ།
2008.05.29

བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ།
༄༅༎བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཚོགས་པ་ལྔའི་གོ་སྒྲིག་འོག་རྒྱ་གར་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁནྜ་མངའ་སྡེའི་བནས྄་པ་ཏིར་འབྱོར་སྐབས་རྒྱ་གར་ཉེན་རྟོག་ཆིག་སྟོང་ལྷག་ནས་གོམ་བགྲོད་པ་རྣམས་བཀའ་འགོག་བྱས་པ་དང་གོམ་བགྲོད་པའི་ཉིན་རེའི་བཟའ་བཅའ་དང་དངོས་ཆས་འོར་བྱེད་སྣུམ་འཁོར་དེ་འཛིན་བཟུང་བྱས་ནས་ད་ལྟ་གོམ་བགྲོད་པ་རྣམས་ལ་བཟའ་བཅའི་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་ཀྱི་སྐོར་དོན་གྲུབ་རྣམ་རྒྱལ་ལགས་ནས་ས་གནས་སུ་ཆེད་བཅར་ཞུས་པའི་བོད་རང་ཆེད་ཀྱི་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་ཞུ༎