རྒྱ་ནག་ལ་གནོན་ཤུཌ་སྤྲོད་རོཌ།

ཨ་རིའི་གྲོང་ཁྱེར་ཉིའུ་ཡོརྐ་ཏུ་ཚོགས་པ་ཁག་གི་གོ་སྒྲིག་འོག་དོན་གྲུབ་དབང་ཆེན་གློད་འགྲོལ་དགོས་པའི་ལས་འགུལ་སྤེལ་བ།

2012.03.09
ཉིའུ་ཡོརྐ་ཏུ་དོན་གྲུབ་དབང་ཆེན་གློད་འགྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་བཞིན་པའི་འདྲ་པར།
ཡེ་ཤེ་བཀྲ་ཤིས།

༄༅༎ཕྱི་ལོ་༢༠༡༢ ཟླ་ ༣ ཚེས་ ༩ ཉིན། ཨ་རིའི་གྲོང་ཁྱེར་ཉིའུ་ཡོརྐ་ཏུ་འདི་ལོའི་བོད་མི་རང་དབང་སྒེར་ལངས་ཀྱི་སྔ་ནུབ་ཏུ་ཨ་རིའི་གྲོང་ཁྱེར་ ནིའུ་ཡོརྐ་ཏུ་དམིགས་བསལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨ་རིའི་ཡན་ལག་དང། ས་མཚམས་མེད་པའི་གསར་འགོད་ལྷན་ཚོགས། བོད་དོན་བརྒྱ་ཚོགས་གསུམ་དང་དེ་བཞིན་བོད་ནང་གི་བོད་མིའི་དངོས་ཡོད་བསམ་ཚུལ་བཏོན་པའི་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་གནང་མཁན་དང་། ད་ལྟ་བཙོན་ཁང་ནང་ཡོད་པ་དོན་གྲུབ་དབང་ཆེན་ལགས་ཀྱི་སྐུ་ཟླ་ལྷ་མོ་མཚོ་བཅས་ཀྱིས། བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གི་དོན་རྐྱེན་ལ། རྒྱ་ནག་གཞུང་གིས་བསམ་ཤེས་བྱེད་དགོས་པ་དང་། དོན་གྲུབ་དབང་ཆེན་ལགས་བཙོན་ཁང་ནས་གློད་འགྲོལ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པ་རེད།

དོན་གྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་༢༠༠༨་ལོར་བོད་ནང་གི་བོད་མི་ཚོའི་དངོས་ཡོད་བསམ་ཚུལ་བཏོན་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོས་པར་བརྟེན། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིསཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ཉིན་ཁོང་གི་གྱོད་དོན་དང་འབྲེལ་བའི་གནད་དོན་ཐད་གསང་བའི་ཁྲིམས་ཞིབ་བྱས་ཏེ་བཙོན་འཇུག་ལོ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་ཁོང་གི་སྤུན་མཆེད་ནས་ར་འཕྲོད་གནང་ཡོད་པ་རེད།

རྒྱ་ནག་ཁྲིམས་ཁང་གིས་དོན་གྲུབ་དབང་ཆེན་ལགས་ཀྱི་གནད་དོན་ཐོག་ཁྲིམས་ཞིབ་བྱེད་པའི་བརྒྱུད་རིམ་དང་ནང་མི་སྤུན་མཆེད་ཚོར་ཁྲིམས་ཞིབ་བྱེད་པའི་སྐབས་ཁྲིམས་ཁང་དུ་ཉན་ཞིབ་སོགས་རྒྱ་ནག་གི་ཁྲིམས་ལུགས་ནང་དོན་ནང་འཁོད་པ་བཞིན་རྩ་བ་ནས་ལག་བསྟར་མ་བྱས་པར་གསང་བའི་ཐོག་ནས་ཁྲིམས་བཤེར་བྱས་ཏེ་ཁྲིམས་ཐག་བཅད་ཡོད་པ་རེད

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎