སུའི་གྲེན་ནང་བོད་ཀྱི་འགྲེམས་སྟོན།
2010.10.11
༄༅༎དེ་རིང་གི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་སུའི་གྲེན་གྱི་རྒྱལ་ས་སྚོཀ་ཧོམ་ནང་བཙན་བྱོལ་བོད་གཞུང་གི་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐོར་རྒྱུ་སྩལ་གྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ་དེའི་སྐོར་ལྷུན་གྲུབ་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎