སྤྱི་འཐུས་ཁག་ཅིག་གྲོས་ཚོཌ་ནས་ཕྱིར་ཐོན་པ།

བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོཌ་ཚོཌ་དུས་བརྒྱད་པའི་ཉིན་མཐའ་མར་སྤྱི་འཐུས་ཀྱི་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བར་བརྟེན་གྲོལ་དགོས་བྱུང་བ།

2009.09.20
བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས།
བཙན་བྱོལ་བོད་གཞུང་གི་དྲ་གནས།

གསར་འགྱུར་ལ་གསན།

༄༅༎ཕྱི་ཟླ་དགུ་པའི་ཚེས་བཅོ་བརྒྱད་རེས་གཟའ་པ་སངས་ཀྱི་ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞིའི་པའི་ཚོགས་དུས་བརྒྱད་པའི་ཚོགས་ཐེངས་མཐའ་མ་དེར་ཚོས་བཅར་བའི་དགོས་ངེས་གྲངས་འབོར་མ་ཚང་བར་མཇུག་སྒྲིལ་གནང་དགོས་བྱུང་ཡོད་འདུག། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསལ་བསྒྲགས་གནང་བ་བཞིན་རེས་གཟའ་སྤེན་པའི་ཉིན་གྲོས་ཚོགས་ཚོགས་འདུས་བརྒྱད་པའི་ཉིན་མཐའ་མའི་ཉིན་ཚོགས་བཅར་སྤྱི་འཐུས་ཀྱི་གྲངས་འབོར་གསུམ་ཆ་གཉིས་མ་ཚུང་བར་ལས་དོན་ཐག་གཅོད་གནང་མ་ཐུབ་པར་གྲོལ་དགོས་བྱུང་ཡོད་པ་དེ་ནི་ད་བར་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་ཡིན་པ་རེད། ཐེངས་འདིའི་དཀའ་རྙོག་འཕྲད་གཞི་ནི་ཨོསེ་ཀྲོ་ལི་ཡི་ནང་གནས་སྤོ་གནང་བའི་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་ཚོགས་བཅར་གྱི་ལམ་གྲོན་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གནང་ཡོད་པ་དེ་ཡིན་པ་དང་།དེ་ནི་གྲོས་ཚོགས་ཀྱི་ལམ་སྲོལ་དང་འགལ་འཛོལ་ཡིན་ལུགས་སྤྱི་འཐུས་སྒེར་གྱི་གྲོས་འཆར་བཏོན་ཡོད་པ་དེར་སྤྱི་འཐུས་བཅུ་བཞིས་རྒྱབ་སྐྱོར་ཡོད་འདུག་གྲོས་འཆར་ནང་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་སུ་གྲོས་ཚོགས་ཀྱིས་རྒྱུན་ལས་ནས་སྔར་མེད་པའི་ལམ་སྲོལ་གསར་གཏོད་ཀྱིས་ལམ་གྲོན་གནང་བ་དེ་དྲང་བདེན་མ་ཡིན་པའི་སྐྱོན་བརྗོད་ནན་པོ་གནང་ཡོད་པ་དེར་མི་དགའ་རྣམ་འགྱུར་མཚོད་པའི་ཆེད་འཐུས་མི་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཐོན་གནང་འདུག་པ་དང་ཚོགས་ཐེངས་མཐའ་མ་གྲོལ་དགོས་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎