བོད་མི་དང་ཡུ་གུར་རྒྱ་མིས་ཧུ་ཅིན་ཐའོ་ལ་ངོ་རྒོལ།
2010.04.14
༄༅༎ཕྱི་ཟླ་བཞི་པའི་ཚེས་བཅུ་གསུམ་རེས་གཟའ་མིག་དམར་གྱི་ཉིན་འདི་ག་ཝ་ཤིང་ཀྲོན་ནང་རྒྱལ་ཁབ་བཞི་བཅུ་ཞེ་བདུན་གྱི་དབུ་ཁྲིད་མཉམ་ཞུགས་གནང་བའི་རྡུལ་ཕྲན་ཉེན་སྲུང་གི་ཆེས་མཐོའི་ལྷན་འཛོམས་ཀྱི་ཉིན་གཉིས་པར་བོད་མ་དང༌།ཡུ་གུར་བ།རྒྱ་མི།ཝེཏ་ནམ་མི་རིགས་སོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་ཞིག་གསན་རོགས༎