སྟོང་སྐོར་དགོན་པ་གཏོར་བཤིག་གཏང་རྒྱུའི་ཉེན་བརྡ།
2008.04.11
༄༅།།བོད་མདོ་ཁམས་དཀར་མཛེས་སྟོང་སྐོར་ཁུལ་དུ་ཟླ་བ་འདིའི་ཚེས་༣ཉིན་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་ཐོག་རྒྱ་མིས་དྲག་གནོན་བྱས་པའི་སྐབས་འཆི་སྐྱོན་བཏང་བའི་མི་གསུམ་གྱི་མིང་ར་ཕྲོད་བྱུང་ཡོད་པ་དང༌། རྒྱ་ནག་འཛིན་སྐྱོང་བ་ཚོས་མཐའ་ཁུག་རི་ཁུག་ལ་གབ་ཡིབ་བྱེད་བཞིན་པའི་ས་གནས་ཡུལ་མི་ཚོ་ཉིན་ལྔའི་ནང་ནང་རང་རང་སོ་སོའི་ཁྱིམ་ལ་ཕྱིར་ལོག་མ་བྱས་ཚེ་ སྟོང་སྐོར་དགོན་པ་གཏོར་བཤིག་གཏང་རྒྱུའི་ཉེན་བརྡ་བཏང་ཡོད་པའི་སྐོར་ རྒྱ་གར་ལྷོ་ཕྱོགས་སེར་སྨད་གྲྭ་ཚང་ནང་ཡོད་པའི་སྐུ་ཞབས་བློ་གྲོས་རྒྱ་མཚོ་ལགས་ཀྱིས་རིག་ལྡན་སྒྲོལ་མ་ལགས་སུ་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང༌༎