བོད་མིའི་འགྲོ་བ་མིའི་ཐོབ་ཐང་།

ཨ་མེ་རི་ཀའི་ཕྱི་སྲིད་ལས་ཁང་ནས་བོད་ནང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའི་བསྒྲགས་གཏམ་སྤེལ་བ།

2011.09.28
ཨ་མེ་རི་ཀའི་ཕྱི་སྲིད་ལས་ཁང་ནས་བོད་ནང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའི་བསྒྲགས་གཏམ་སྤེལ་བ།
ཨ་རིའི་ཕྱི་སྲིད་ལས་ཁང༌།

༄༅༎ཨ་མེ་རི་ཀའི་གཞུང་ནས་ཉེ་ཆར་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཞོན་སྐྱེས་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་བར་ཧ་ཅང་བློ་འཚབ་ཆེན་པོས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུས་གནང་དགོས་པ་ཛ་དྲག་གིས་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་གནང་བའི་ནང་བོད་མི་ཚོའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་དེའི་འོག་ང་ཚོས་རྒྱ་ནག་གི་དབུ་ཁྲིད་ཚོས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་པ་མ་ཟད་།  རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐུན་མོང་མི་ཡིན་པའི་ཆོས་དང་རིག་གཞུང་།  སྐད་ཡིག་བཅས་པ་སྲུང་སྐྱོབ་དགོས་པའི་རེ་འདུན་ཡང་བཏོན་གནང་ཡོད་པ་དང་།  ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་གི་ནང་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་ཁག་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་འགྲོ་སྐྱོད་བྱ་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་དགོས་འདུན་ཡང་བཏོན་གནང་ཡོད་པ་རེད།  རྔ་པ་ཀིརྟི་དགོན་པའི་དགེ་འགུན་པ་བློ་བཟང་སྐལ་བཟང་ལགས་དང་།  བློ་བཟང་དཀོན་མཆོག་ལགས་རྣམ་གཉིས་ནས་རྔ་བ་རྫོང་གི་ཁྲོམས་གཞུང་དུ་ཐོན་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་  བོད་ལ་ཆོས་དད་རང་དབང་དགོས་ཡོད་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དུ་རང་ལུས་མེ་སྲེག་བཏང་གནང་ཡོད་པ་དང་།  ཁོང་རྣམ་པ་གཉིས་ཀ་རང་ལོ་བཅོ་བརྒྱད་ཙམ་ཡིན་ཞིང་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་ནི་འདི་ལོ་ཕྱི་ཟླ་པའི་མང་སྐུ་ལུས་མེར་བསྲེགས་བཏང་སྟེ་རང་སྲོག་བློས་གཏོང་གནང་མཁན་སྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱི་སྤུན་ཆུང་བ་དེ་ཡིན་པ་རེད༎ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎