རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་ཡོད་པ།

༸གོང་ས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་སྐབས་ལྦི་ཧར་མངའ་སྡེའི་དཔོན་རིགས་དང་ཕྱི་ནང་དད་ལྡན་བ་ཚོས་ཕེབས་བསུ་ཟབ་རྒྱས་ཞུས་པ།

2010.01.04
གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་བ། ༸གོང་ས་མཆོག་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱེད་པའི་མ་ཧྰ་སྦོ་རྡི་དགོན་པའི་ནང་ཆིབས་བསྒྱུར་སྐྱོང་བཞིན་པ།
ཨེ་ཨེཕ་པི།

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་དང་པོའི་ཚེས་བཞི་རེས་གཟའ་ཟླ་བའི་ཉིན།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ལམ་བརྒྱུད་ནས་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་གནང་སྐབས།རྒྱ་གར་ལྦི་ཧར་མངའ་སྡེའི་དཔོན་རིགས་དང་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུས་པས་བོད་མིའི་བླ་སྤྲུལ་རྣམ་པ་དང་གསུང་ཆོས་ཀྱི་སྦྱོན་བདག་དེ་བཞིན་ས་གནས་ཚོགས་པ་ཁག་གི་སྐུ་ཚབ་རྣམས་གནམ་ཐང་དུ་ཕེབས་བསུ་ལ་བཅར་ཡོད་པ་མ་ཟད།འཛམ་གླིང་ས་ཕྱོགས་གང་སར་ནས་རྡོ་རྗེ་གདན་དུ་འབྱོར་ཟིན་པའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོས་ཕེབས་ལམ་གཡས་གཡོན་དུ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར།འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎