ཆོས་དད་ལ་བཀག་སྡོམ།
2011.05.31

ཕལི་ཀར།
༅༎ཕྱི་ཟླ་༥ཚེས་༣༡རེས་གཟའ་མིག་དམར་གྱི་ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འདབས་སུ་ཆགས་པའི་འབྲས་སྤུངས་དགོན་དུ་ས་ག་ཟླ་བའི་ བོད་ཚེས་ ༡ ནས་ ༡༥ བར་ཧར་སྡོང་ཁང་ཚན་ནང་དགེ་སློང་མ་དཔལ་མོ་ལུགས་གི་སྨུང་གནས་སྒྲུབ་མཆོད་ཚོགས་གི་ཡོད་པའི་སར་སེར་སྐྱ་ཕོ་མོ་སུ་ཡིན་རུང་མཉམ་ཞུགས་གནང་མཆོག་གི་ཡོད་པ་དེར་བཀག་སྡོམ་བྱེད་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་བའི་གནས་ཚུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་ཡོད༎