རྒྱ་གཞུང་གིས་བོད་མི་གསུམ་ལ་ཁྲིམས་བཅད་ལྗིད་པོ་བཏང་བ།
2010.03.06
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་ཉམས་ཞིབ་ཁང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།ཕྱི་ཚེས་ཉི་ཤུ་རྩ་དྲུག་གི་ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་དུ།ཉེ་ཆར་བོད་ཁམས་དཀར་མཛེས་ཁུལ་གྱི་རྒྱ་གཞུང་མི་མང་འབྲིང་རིམ་ཁྲིམས་ཁང་ཟེར་བས།བོད་མི་གསུམ་རྒྱལ་ཁབ་ཁ་བྲལ་བཏང་བ་དང་།སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་དམིགས་བཙུགས་ཏེ།ཁྲིམས་བཅད་ཧ་ཅང་ལྗིད་པོ་ཞིག་བཏང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཞུགས་སྒར་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནོངས༎