ནིའུ་ཡོར྄ཀ་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ།
2008.07.04

བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པ།
༄༅༎འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་ནས་དྲག་གནོན་ཤུགས་བྱས་དང་བྱེད་མུས་ལ་བརྟེན་བཙན་བྱོལ་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་ཅིང༌། ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོར྄ཀ་ཁུལ་དུ་བཅའ་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གནམ་གཤིས་ཚ་གྲང་ལ་མ་ལྟོས་པར་ངོ་རྒོལ་རྒྱུན་ཆད་མེད་པར་སྤེལ་དང་སྤེལ་མུས་ཡིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནིའུ་ཡོར྄ཀ་ཁུལ་གྱི་གསར་འགོད་པ་ངག་ཆོས་ལགས་ནས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང༌༎