དཀར་མཛེས་ཁུལ་དུ་དམ་བསྒྲགས།
2008.10.02

བོད་ནས་བཏང་བའི་འདྲ་པར།
༄༅༎འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ས་ཡོངས་སུ་རྫོགས་པའི་ནང་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་རྗེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་འགོ་ཚུགས་ཡོད་ཅིང་། བོད་ཤར་ཕྱོགས་ཁམས་དཀར་མཛེས་ཁུལ་དུ་ད་ལྟ་ཡང་དམ་བསྒྲགས་ཤུགས་ཆེ་བྱེད་མུས་འོག་བོད་མིའི་ཚོའི་ཉིན་རེའི་འཚོ་བའི་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་སྐོར་ཉེ་ཆར་ཁམས་དཀར་མཛེས་ནས་བལ་ཡུལ་ནང་བྲོས་བྱོལ་དུ་འབྱོར་བའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་སུ་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང༌༎