ནང་ཆོས་ཉམས་ལེན་ངོ་སྤྲོད།
2009.06.25

བཙན་བྱོལ་བོད་གཞུང་གི་དྲ་གནས།
![]() |
གསར་འགྱུར་ལ་གསན། |
༄༅༎ཕྱི་ཟླ་དྲུག་པའི་ཚེས་ཉེར་བཞི་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བོད་ཁྱིམ་སློབ་ཕྲུག་གཙོ་བོར་གྱུར་པའི་ཕྱི་རྒྱལ་ཁག་གི་བོད་རིགས་ན་གཞན་ཚོར་ནང་ཆོས་ཉམས་ལེན་བྱེད་ཕྱོགས་ངོ་སྤྲོད་བཀའ་དྲིན་ཆེ་གནང་མཛད་བཞིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚལ་བཏང་འབྱོར་བྱུང་བར་གསན་རོགས༎