ཚོགས་བཅར་བར་དམིགས་བསལ་བཀའ་སློབ།
2008.11.24

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
༄༅༎བཞུགས་སྒར་རྡ་རམ་ས་ལར་འཚོགས་པའི་བོད་གཞུང་མང་གི་དམིགས་བསལ་ཚོགས་ཆེན་མཇུག་བསྒྲིལ་རྗེས་ཕྱི་ཟླ་བཅུ་གཅིག་ཚེས་ཉེར་གསུམ་རེས་གཟའ་ཉི་མའི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཚོགས་བཅར་ལྔ་བརྒྱ་ལྷག་རྣམས་ལ་དམིགས་བསལ་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་གནང༌༎