ཀོ་ལེ་གལ་སློབ་ཕྲུག་ལ་བཀའ་སློབ།
2009.02.19

བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁང༌། འཇིགས་མེད་ཚེ་རིང༌།
༄༅༎ཕྱི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་རེས་གཟའ་ལྷག་པའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་དད་ལྡན་སེར་སྐྱ་མི་མང་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་བཀའ་དྲིན་ཆེན་གནང་མཛད་རྗེས་ཉིན་རྒྱབ་ཏུ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་དགོས་གལ་ཆེ་བ་ཡིན་པ་དང་དགེ་ལས་རྣམས་ནས་སློབ་ཕྲུག་རྣམས་ལ་བྱམས་བརྩེ་སྐྱོང་དགོས་པའི་བཀའ་སློབ་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎