དངོས་འབྱུང་གློག་བརྙན་འཇིགས་བྲལ།
2008.08.20

འཇིགས་བྲལ།
༄༅༎གཞིས་ལུས་བོད་མི་མང་གི་བསམ་བློའི་འཁྱེར་བཟོ་དང་རྩ་བའི་རེ་འདུན་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་ཡོང་བའི་ཆེད་དུ་པར་ལེན་བྱས་ནས་དངོས་འབྱུང་གློག་བརྙན་བཟོས་པ་དེ་སུད་སི་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་གཟིགས་འབུལ་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སིའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གློག་བརྙན་བཟོ་མཁན་འཇམ་དབྱངས་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་ལ་གསན་རོགས་གནང༌༎