ཡོ་རོབ་ནས་བོད་ལ་རྒྱབ་སྐྱོར་གནང་།
2009.04.02

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།
༄༅༎ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་གོ་སྒྲིག་གནང་བའི་བོད་རྒྱ་ཞི་མོལ་ཉམས་ཞིབ་ཚོགས་འདུའི་ཉིན་མཐའ་མའི་ཐོག་ཡོ་རོབ་གྲོས་ཚོགས་ནས་ནས་བོད་ལ་མུ་མཐུད་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་དབུ་འཛུགས་དགོས་པའི་སྐུལ་ལྕགས་གང་མྱུར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་བཙན་བྱོལ་བོད་གཞུང་གི་ལྷོ་ཡོ་རོབ་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་གནས་འདྲུ་ཞུས་པར་གསན་རོགས་ཞུ༎