རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ།
2009.03.27

བཙན་བྱོལ་བོད་གཞུང་།
༄༅༎ཕྱི་ཟླ་གསུམ་པའི་ཚེས་ཉེར་དྲུག་རེས་གཟའ་ཕུར་བུ་ནས་བཟུང་ཉིན་ལྔའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཨིན་ཌི་ཡ་ཨིན་ཊར་ནེཤ་ནེལ་བསྟི་གནས་སུ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དང་ཕྱི་དྲིལ་ལས་ཁང་།དེ་བཞིན་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གསུམ་ཐུན་མོང་གི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་རྣམས་ལ་ལོ་ངོ་ལྔ་བཅུའི་རིང་རྒྱ་གར་གཞུང་མང་ཡོངས་ནས་བཀའ་དྲིན་བསྐྱངས་བར་རྗེས་དྲན་ཞུ་བའི་ཆེད་ཀྱི་མཛད་སྒོ་ཚུགས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎