རྒྱལ་བའི་སྐུ་ཕྱའི་ཞབས་རིམ།
2010.11.22

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཐུབ་བསྟན་སངས་རྒྱས།
༄༅༎བལ་ཡུལ་ནང་བཅའ་བཞུགས་བོད་མི་རྒན་བགྲེས་ཁག་ཅིག་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཞབས་རིམ་སྒྲུབ་ཆེད་ར་སོགས་ཚེ་ཐར་བཏང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎