རྡ་སར་དཔའ་བོ་ངོ་སྤྲོད།
2010.05.05

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎ཕྱི་ཟླ་ལྔ་པའི་ཚེས་ལྔ་རེས་གཟའ་ལྷག་པའི་ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གོ་སྒྲིག་གནང་བའི་དཔའ་བོ་ངོ་སྤྲོད་ལྷན་ཚོགས་ཤིག་གི་ཐོག་བྱང་ཨ་ཡིར་ལེནྜ་ཡི་དཔའ་བོ་རི་ཆརྜ་མོར་ངོ་སྤྲོད་གནང་བ་དང་།ལྷན་ཚོགས་ཀྱི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱར་བསྐྱངས་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎