ལྡི་ལིར་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ།

ལྡི་ལིར་བོད་པའི་ན་གཞོན་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྤེལ་བའི་གནས་ཚུལ།

2012.03.26
ལྡི་ལིར་བོད་པའི་ན་གཞོན་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྤེལ་བ།
བསོད་ནམས་དབང་འདུས།

༄༅༎ཕྱི་ཟླ་༣ཚེས་༢༦རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡིའི་ཇན་ཏར་མན་ཏར་རུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་འཁྲིད་དེ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅི་ཐའོ་རྒྱ་གར་དུ་ཚོགས་འདུར་སླེབས་ལ་ཉེ་བ་དང་སྟབས་བསྟུན་ནས་།བོད་མི་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཁམས་རྟའུ་ཡིན་ཡིན་པ་བོད་པའི་ན་གཞོན་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་དུ་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་སྤེལ་བ་དང་།ཁོང་རྒྱ་གར་གྱི་མྱུར་སྐྱོབ་སྨན་བཅོས་ཆེད་སྨན་ཁང་དུ་བསྐྱེལ་ཡོད་པ་སོགས་ཀྱི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

Anonymous
Mar 26, 2012 04:59 PM

རྒྱལ་གཅེས་དཔའ་བོ་ཆེན་པོ་ཁྱེད་ལ་མྱ་ངན་གུས་འདུད་ཤུགས་དྲག་པོས། དཔའ་བོ་ཁྱོད་ནི་བོད་མི་རིགས་ཀྱི་གཉན་འཁྲང་ཡ་ང་བ་ཡི་མུག་པ་འདི་སེལ་བའི་དོན་དུ་འདི་ལྟར་གནང་ཐུབ་པ་ནི། གསོན་པོར་གནས་པའི་གངས་ཅན་པ་ཡོད་དོ་ཅོག་གི་ཚབ་ཏུ་བཞུད་པ་དུས་ནམ་ཡང་བརྗེད་ཀྱི་མེད། ཁྱེད་ཀྱི་མཚན་བྱང་ལོ་རྒྱུས་ཀྱི་གསེར་ཡིག་ངེས་པར་འགོད་དུ་འགོད་ཐུབ་པ་བྱེད་ཀྱི་ཡིན།