འཁྲུལ་ཞིག་རིན་པོ་ཆེ་མཆོག

སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

2011.09.05
སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།
ཀླུ་འབུམ་བཀྲ་ཤིས།

༄༅། །སྤྱི་ཟླ་༩ཚེས་༢རེས་གཟའ་པ་སངས་ཀྱི་ཉིན་བལ་ཡུལ་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་དགོན་དུ་རྒྱལ་བའི་དབུ་བླ་སྔ་འགྱུར་བསྟན་པའི་དབུ་འཛིན་ཁྲི་རབས་ལྔ་པ་༧འཁྲུལ་ཞིག་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ཐོག་དགོངས་པ་གཤེགས་ཚུལ་བསྟན་པའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོན་པར་བཙན་བྱོལ་བོད་མི་མང་སྤྱི་འཐུས་རྣམ་པ་ཐུགས་ཕམ་ཅི་ཆེ་བྱུང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་གནས་ཚུལ་འདུག དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས༎

གསར་འགོད་གསལ་བསྒྲགས།

༄༅།    །སྔ་འགྱུར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨་ཐོག་དགོངས་པ་གཞན་དོན་གཤེགས་པའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་གསན་ཐོས་བྱུང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྣམ་པ་ཐུགས་ཕམ་ཅི་ཆེ་བྱུང་ཞིང་།    ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་མཛད་པ་རླབས་ཆེན་བསྐྱངས་པར་བཀའ་དྲིན་རྗེས་དྲན་དང་སྦྲགས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང༌། བདེ་བར་གཤེགས་པ་དེ་ཉིད་ཀྱི་བསྟན་འགྲོའི་དོན་ཆེན་སླད་ཐུགས་ཀྱི་དགོངས་བཞེད་མཐའ་དག་ཡོངས་སུ་རྫོགས་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་མ་ཟད། རིང་མིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢་པའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་བསྣམ་རྒྱུ་ཡིན་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ཟླ་༠ཚེས་༥ལ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎