བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང༌།
2009.04.10

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།
༄༅༎ཕྱི་ཟླ་བཞི་པའི་ཚེས་དགུའི་ཉིན་བལ་ཡུལ་ནང་བཅའ་སྡོད་བོད་མི་དང་ཕྱི་རྒྱལ་བ་ཁག་ཅིག་ནས་བོད་དོན་ཆེད་ཞི་བའི་མར་མེའི་ཁྲོམ་སྐོར་དང་བལ་ཡུལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་ཆོད་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ས་གནས་ཉེན་རྟོག་པས་འཛིན་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎