རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན།
2009.06.12

བཙན་བྱོལ་བོད་གཞུང་གི་དྲ་གནས།
༄༅༎ཕྱི་ཟླ་དྲུག་པའི་ཚེས་བཅུ་གཉིས་རེས་གཟའ་པ་སངས་ཀྱི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཆེན་ཐོག་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་བསྟན་འཛིན་བསམ་འཕེལ་ལགས་དང་ཧོ་ལནྜ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ལས་བྱེད་བདེ་སྐྱེད་སྒྲོལ་དཀར་ལགས་གཉིས་ནས་བོད་ནང་རང་དབང་ལྡན་པའི་ཞིབ་འཇུག་གནང་མཁན་དང་གསར་འགོད་པ་མངགས་གཏོང་དགོས་པའི་རེ་སྐུལ་ཞུས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎