རྒྱ་ནག་ངལ་རྩོལ་ཚོཊ་པའི་སྐུ་ཚབ།
2010.07.10

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎རྒྱ་ནག་སྐམ་ས་ཆེན་པོ་གཙོ་བོ་གྱུར་བའི་ཐེ་དབན་དང་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཚོགས་མི་བརྒྱད་ཁྲི་ལྷག་ཙམ་ཡོད་པའི་རྒྱ་ནག་ངལ་རྩོལ་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༥་བཞེས་པའི་སྐུའི་འཁྲུངས་སྐར་དུ་འཚམས་འདྲི་ཞུ་བར་བཅར་ཡོད་པ་དང༌། ཟླ་འདིའི་ཕྱི་ཚེས་དགུའི་ཉིན་ཕྱི་ནང་གསར་འགོད་པའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བ་ཞིག་ལ་གསན་རོགས༎