ཕརེངྐ་ཕརྚ་དཔེ་དེབ་འགྲེམས་སྟོན།
2009.10.16

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་དྲ་གནས།
༄༅༎ཕྱི་ཟླ་བཅུ་པའི་ཚེས་བཅུ་རེས་གཟའ་སྤེན་པ་ཉིན་དེང་སྐབས་འཇར་མེ་ནིའི་གྲོང་ཁྱེར་ཕརེངྐ་ཕརྚ་ནང་དཔེ་དེབ་འགྲེམས་སྟོན་ཐོག་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྩོམ་པ་པོ་ཁག་ནས་བྲིས་པའི་དཔེ་དེབ་ངོ་སྤྲོད་བྱེད་བཞིན་པའི་ཐོག་སུད་སི་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཉི་ཤུས་སུད་སི་ནས་ཕརེངྐ་ཕརྚ་བར་བོད་དོན་ཆེད་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འཇར་མེ་ནིའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎