བོད་མི་ངོ་རྒོལ་བ་གསུམ་བཙོན་བཀྲོལ་བཏང༌།

བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སྐབས་རྒྱ་ནག་ལ་ངོ་རྒོལ་སྤེལ་མཁན་གསུམ་དེ་རིང་བཙོན་བཀྲོལ་བཏང་ཡོད་པའི་གནས་ཚུལ།

2010.03.23
བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སྐབས་རྒྱ་ནག་ལ་ངོ་རྒོལ་སྤེལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།

༄༅༎ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་གསུམ་བཅུའི་དུས་དྲན་བོད་མིའི་རང་དབང་སྒེར་ལངས་ཐེངས་ང་གཅིག་པར་སྲུང་བརྩི་གནང་ནས་བལ་ཡུལ་ནང་གི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་རྟེན་བོད་མི་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང༌། བོད་མི་གསུམ་གསུམ་བཅུའི་དུས་དྲན་སྐབས་ལས་འགུལ་སྤེལ་ཁོམ་མ་བྱུང་བར་ཚེས་དགུའི་ཉིན་འཛིན་བཟུང་བཀག་ཉར་བྱས་པ་རྣམས་དེ་རིང་བཙོན་བཀྲོལ་བཏང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎