བོད་མིར་ཁྲིམས་ཐག་ལྗིད་པོ་བཅད།
2009.04.22

བཙོན་བྱོད་གཞུང་གི་དྲ་གནས།
༄༅༎ཕྱི་ཟླ་བཞི་པའི་ཚེས་ཉེར་གཅིག་རེས་གཟའ་མིག་དམར་གྱི་ཉིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་བོད་ཀྱི་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་སྔ་ལོ་བོད་ནང་གི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ནག་ཉེས་འོག་བོད་ཀྱི་བུད་མེད་དཔལ་སྐྱིད་ཞུ་བ་ཞིག་ལ་སྲོག་ཁྲིམས་དང་དཔལ་སྐྱིད་ཞུ་བ་གཞན་ཞིག་ལ་ལོ་ཉི་ཤུའི་བཙོན་ཁྲིམས་དང་འཆི་མེད་ལྷ་མོ་ཞུ་བ་ཞིག་ལ་ལོ་བཅུའི་བཙོན་ཁྲིམས་ཐག་བཅད་པའི་གནས་ཚུལ་སྤེལ་བའི་རྗེས་བཙན་བྱོལ་བོད་གཞུང་སྤྱི་འཐུས་ལྷན་ཁང་དང་བཀའ་ཤག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བའི་སྐོར་གཡུ་སྒྲོན་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ༎