བོད་ནང་མནར་གཅོད་མཚམས་འཇོག་དགོས།
2011.07.28

སུད་སི་བོད་རིགས་མཐུན་ཚོགས་ཀྱི་དྲ་གནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བོད་ནང་གི་བོད་མི་ཚོས་སོ་སོའི་ཐོབ་ཐང་རྩོད་པ་ཙམ་ལ། རྒྱ་ནག་གཞུང་གིས་བསམ་ཡུལ་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་པར་བརྟེན། ཟླ་འདིའི་ཕྱི་ཚེས་ཉི་ཤུ་ལྔའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་བི་ཡའི་ནང་རྟེན་གཞི་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། སུད་སི་བོད་རིགས་མི་མང་གི་སྣེ་འཁྲིད་འོག་མི་གྲངས་ལྔ་བཅུ་ཙམ་ནས། མཉམ་འབྲེལ་རྒྱལ་ཚོགས་ནས་གཟིགས་ཞིབ་གནང་རོགས་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎