བོད་པའི་སློབ་ཕྲུག་ཚོས་རྒྱ་ནག་ལ་ངོ་རྒོལ་བྱས་པ།
2009.04.17

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་བཞི་པའི་ཚེས་བཅུ་བདུན་རེས་གཟའ་པ་སངས་ཀྱི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་བར་ཡོང་མཁན་བོད་པའི་སློབ་ཕྲུག་ཁག་ཅིག་གིས་རྒྱ་ནག་གཞུང་ཚབ་མདུན་ཉེ་ཆར་རྒྱ་ནག་གིས་བོད་མིར་སྲོག་ཁྲིམས་བཅད་པར་ངོས་ལེན་མེད་པའི་ངོ་རྒོལ་སྐད་འབོད་སྤེལ་སྐབས་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཏི་ཧཱར་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎