རྒྱ་གར་ལ་ཐུགས་རྗེ་ཆེ་ཞུས།
2009.03.31

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་རེས་གཟའ་ཟླ་བའི་ཉིན་རྒྱ་གར་ནང་གི་བཙན་བྱོལ་བོད་གཞུང་དམངས་ནས་ལོ་ལྔ་བཅུའི་རིང་རྒྱ་གར་གཞུང་དམངས་ནས་བཀའ་དྲིན་བསྐྱངས་བར་རྗེས་དྲན་ཞུ་བའི་ཆེད་རྒྱ་གར་རྒྱལ་ཡོངས་བོད་མིའི་གནས་སྡོད་གང་སར་བོད་མི་ཚོས་ས་གནས་རྒྱ་གར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་འགུལ་སྣ་མང་སྤེལ་བ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཡང་གཞུང་འབྲེལ་གྱི་མཛད་སྒོ་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་ཞུ༎