རྒྱ་ནག་དམར་པོའི་གཞུང་ལོ་༦༠་འཁོར་བར་ངོ་རྒོལ།
2009.10.01

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎ཕྱི་ཟླ་བཅུ་པའི་ཚེས་གཅིག་རེས་གཟའ་ཕུར་བུའི་ཉིན་ཀྲུང་གོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་བརྙེས་ནས་ལོ་དྲུག་བཅུ་འཁོར་བའི་ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་འཁོད་བོད་མི་རྣམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཚོགས་པ་བཞིས་གོ་སྒྲིག་འོག་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎