བྲག་མགོར་བོད་མི་གཉིས་བསད་པ།

ཁམས་བྲག་མགོར་ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་གྲུབ་གཉིས་རྒྱ་དམག་གིས་དམར་གསོད་བཏང་བ།

2012.02.09
ཁམས་བྲག་མགོར་ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་གྲུབ་གཉིས་རྒྱ་དམག་གིས་དམར་གསོད་བཏང་བ།
བསོད་ནམས་དབང་འདུས།

༄༅༎ཟླ་འདིའི་ཚེས་༩ཉིན་ཁམས་བྲག་མགོ་རྫོང་དུ་ཕ་དགའ་རབ་ཉི་མ་དང་མ་སངས་ལྷ་གཉིས་ཀྱི་བུ་རང་ལོ་༤༠་ཡིན་་པ་གྲྭ་ཡེ་ཤེས་རིག་གསལ་དང། ཁོང་གི་སྤུན་ཆུང་བ་རང་ལོ་༣༨ཡིན་པའི་ཡེ་ཤེས་བསམ་འགྲུབ་གཉིས་རྒྱ་དམག་གིས་དམར་བསད་བཏང་འདུག གྲྭ་ཡེ་ཤེས་རིག་གསལ་དེ་སྔོན་ཕྱི་ཟླ་༡ཚེས་༢༣ཉིན་བྲག་མགོ་རྫོང་ཐོག་ཏུ་ཞི་རྒོལ་ལས་འགུལ་ཁྲོད་མཉམ་ཞུགས་བྱས་ཡོད་པ་དང། ཁོང་གི་ལག་པར་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་རག་པའི་སྟེང་ནོར་བ་ཞེས་པའི་འབྲོག་ས་སྟེ་ཉེན་གཡོལ་ཏུ་ཡོད་འདུག་པར་དྲག་ཆས་ཉེན་རྟོག་པ་བསླེབས་ཏེ་ཁོང་བུ་སྤུན་གཉིས་ཀ་དམར་གསོད་བཏང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎