ནང་པ་ལའི་རྩེར་བོད་ཀྱི་རྒྱལ་དར།
2008.08.01

པར་དབང་ཚེ་བརྟན་ནོར་བུ་དང་ཀརྨ་རྒྱལ་མཚན།
![]() |
གསར་འགྱུར་ལ་གསན། |
༄༅༎ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བརྒྱད་ཉིན་བོད་མི་གཉིས་ནས་བལ་ཡུལ་དང་བོད་ཀྱི་ས་མཚམས་བརྒལ་ནས་བོད་ཀྱི་ནང་པ་ལའི་རྩེར་ཕྱིན་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་དང་བོད་ཀྱི་རྒྱལ་དར་ཞིག་འགྲེམས་འཛུགས་བྱས་པ་སྦྲགས་རྒྱ་ནག་གཞུང་ལ་དོན་ཚན་བཞི་ཡོད་པའི་དགོས་འདུན་བཏོན་པའི་འཕྲད་དར་ཞིག་བཞག་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་ལས་འགུལ་བ་གཉིས་ལ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎