ཁྲན་ཀོང་ཁྲེང་ཨ་མི་རི་ཀར་ཐོན་བསྐྱོད་ཟིན་པའི་གསལ་བསྒྲགས།
2012.05.19
༄༅༎ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་མིག་ལོང་བ་ཡིན་པ་ ཁྲན་ཀོང་ཁྲང་དང་ཁོང་གི་ནང་མི་དང་བཅས་པ་གཟའ་སྤེན་པའི་ཉིན་ཨ་མི་རི་ཀར་ཐོན་བསྐྱོད་ཟིན་པའི་གསལ་བསྒྲགས་བྱས་འདུག།
ཟླ་བ་གཅིག་ཙམ་གྱི་སྔོན་ ཁྲན་གུའང་ཁྲང་ བཟང་བཙོན་ནས་བྲོས་བྱོལ་གྱིས་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་དུ་ཉེན་གཡོལ་དུ་ཕྱིན་རྗེས། ཨ་མི་རི་ཀ་དང་རྒྱ་ནག་བར་ཚད་མཐོའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།
དེ་རིང་ཨ་རིའི་་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ལྦིཀ་ཀྲོ་རི་ཡ་ནུ་ལེནདྲ་གྱི་མཚན་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང༌། ཁྲན་ཀོང་ཁྲང་དང་ཁོང་གི་བཟའ་ཟླ་དེ་བཞིན་ཁོང་གཉིས་ཀྱི་ཕྲུ་གུ་གཉིས་བཅས་ད་ལྟའི་སྐབས་ཨ་མི་རི་ཀར་ཡོང་རྒྱུའི་གནམ་གྲུའི་ནང་ཡོད་པ་དང༌། ཨ་མི་རི་ཀའི་གཞུང་གིས་ཁོང་ཨ་མི་རི་ཀར་སློབ་སྦྱོང་ཡོང་བར་དགའ་བསུ་ཞུ་རྒྱུ་མ་ཟད་། དེར་མཐུན་རྐྱེན་མཐུན་འགྱུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
མང་གཙོ་དང་ཐོབ་ཐང་དོན་གཉེར་བ། དེ་བཞིན་ཁྲིམས་རྩོད་པ་ཁྲེན་ཀོང་ཁྲེན་ཕྱི་ལོ་ ༢༠༠༦ ལོར་ལོ་བཞིའི་བཙོན་ཁང་ནང་བཅུག་པ་དང༌། དེ་རྗེས་རང་ཉིད་ཀྱི་ཁྱིམ་ནང་ལྟ་སྲུང་ནན་པོའི་ཐོག་བཟང་བཙོན་འོག་བཞག་རྗེས། ཟླ་བ་གཅིག་མ་ཟིན་གྱི་གོང་དེར། བཟང་བཙོན་ནས་བྲོས་ཏེ། ་ཨ་རིཀའི་གཞུང་ཚབ་ཁང་དུ་འཛུལ་བ་དང༌། དེ་ནས་ཨ་རིའི་གཞུང་གི་འབོད་སྐུལ་དང་གནོན་ཤུགས་ལ་བརྟེན་ནས། རྒྱ་ནག་གཞུང་གིས་ཀྱང་ཁོ་རང་ཨ་རིའི་ནང་འགྲོ་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད།།