གསར་འགྱུར་ཡིག་ཚགས།
2023-01-23
རྒྱ་ནག་གཞུང་གིས་ཁམས་བྲག་མགོ་རྫོང་དུ་སྟོན་པའི་སྐུ་བརྙན་གཏོར་བཤིག་དང་མི་མང་ལ་དྲག་གནོན་བྱས་བའི་ཐད་བོད་གནས་ལྟ་ཞིབ་ཁང་དང་བོད་རང་དབང་ཚོགས་པ་གཉིས་ཀྱིས་སྙན་ཐོ་བཏོན་འདུག
2023-01-23
༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་གལ་གནད་སྐོར་གསུངས་དོན། རིག་གཞུང་བཟང་པོ་དེའི་བྱམས་སྙིང་རྗེའི་བསླབ་བྱ་དང་འཚེ་མེད་ཞི་བའི་ལྟ་གྲུབ་བཅས་ནི་འཛམ་གླིང་ཞི་བདེ་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་དང་། ལྷག་དོན་དུ་རྒྱ་གར་ནི་བརྟན་ལྷིང་དང་བདེ་འཇགས་ཡོད་པའི་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པས། ཧ་ཅང་གི་ཡག་པོ་འདུག་ཅེས་བཀའ་གནང་སོང་།
2023-01-21
སྤྱི་ཟླ་༡ཚེས་༢༡ཉིན་རྒྱ་གར་གྱི་སྤྱི་མང་འཛིན་སྐྱོང་ལྟེ་གནས་ཁང་ནས་གསོལ་འདེབས་ཞུས་པ་ལྟར། ལྟེ་གནས་དེའི་འགན་འཛིན་ཟུར་པ་TN Chaturvedi ཞིང་གཤེགས་དམ་པ་ལ་རྗེས་དྲན་མཚོན་པར། བྱམས་བརྩེ་དང་གཞུང་འཛིན་བཟང་པོ་ཟེར་བའི་བརྗོད་གཞིའི་ཐོག། ༧གོང་ས་མཆོག་རྒྱལ་ས་ལྡི་ལིའི་ནང་གི་ལྟེ་གནས་ཁང་དེ་ལ་ཆིབས་བསྒྱུར་གནང་འདུག
2023-01-20
ཐེ་ཝན་གྱི་སྲིད་འཛིན་གྱིས་དཔྱིད་གསར་དུས་ཆེན་དང་ལོ་གསར་གྱི་འཚམས་འདྲིའི་གསུང་བཤད་སྐབས་ཐེ་ཝན་གྱི་དམག་མི་ཚོར་ཕ་ས་སྲུང་སྐྱོབ་བྱས་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་འདུག
2023-01-20
བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་སྨན་གླིང་རྫོང་དུ་བསྐྱོད་པའི་ཕུག་ལམ་གྱི་ཁར་གངས་རུད་བྱུང་ནས་ད་ཆ་མི་གྲངས་༢༠རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་བརྒྱད་གར་སོང་ཆ་མེད་དུ་གྱུར་འདུག
2023-01-20
རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་ཁོ་ནར་དམིགས་ཏེ་ས་མཚམས་ཁུལ་དུ་གནས་སྤོ་བྱེད་བཅུག་པའི་མི་མང་ཚོའི་འཚོ་གནས་དང་མདུན་ལམ་བརྟན་པོ་མེད་པ་འབྲེལ་ཡོད་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་བྱུང་།
2023-01-20
དགའ་ལྡན་ཕོ་བྲང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་ཁག་གཅིག་སྐྱངས་རྒྱུ་དང་ཕྱི་ཚེས་༢༣ ཉིན་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལའི་བཞུགས་སྒར་པོ་བྲང་དུ་ཞབས་སོར་འཁོད་རྒྱུ་ཡིན་འདུག།
2023-01-19
རྒྱ་ནག་གཞུང་གིས་དཔྱིད་གསར་དུས་ཆེན་རིང་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་འཆལ་གཏམ་ཁྱབ་སྤེལ་བྱ་རྒྱུར་དམ་དྲག་ནན་པོ་བྱ་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་འདུག
2023-01-19
བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་སྨན་གླིང་རྫོང་དུ་བསྐྱོད་པའི་ཕུག་ལམ་གྱི་ཁར་གངས་རུད་བྱུང་ནས་ཉུང་མཐར་མི་གྲངས་བརྒྱད་རྐྱེན་འདས་སུ་ཕྱིན་ཡོད་འདུག
2023-01-19
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ་དང་ཚེས་༢༠ཉིན་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་རེད་འདུག
2023-01-19
ཁོང་གིས་བོད་ཕྱི་ནང་གི་བོད་མི་ཚང་མས་༸གོང་ས་མཆོག་གི་བཀའ་བཞིན་སྒྲུབ་དགོས་པའི་འབོད་སྐུལ་གནང་བ།
2023-01-18
གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་པ་ཁག་ཅིག་གདན་ས་ཆེན་པོ་འབྲས་སྤུངས་སུ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ནང་ཞུགས་པར་བློ་བསྐྱེད་གསར་པ་དུ་མ་ཞིག་བྱུང་ཡོད་འདུག
2023-01-18
ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་བོད་མི་ལས་འགུལ་བ་རྣམས་ལ་འདོད་བློ་ཁེངས་པའི་ལན་འདེབས་ཤིག་ད་བར་གནང་མེད་པར་བརྟེན་ཁོང་ཚོས་ཞུ་གཏུག་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག
2023-01-18
ནེའུ་ཡོག་གི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Chuck Schumer)་ལགས་སུ་ནེའུ་ཡོག་གི་ཉེན་རྟོག་པ་རྒྱ་ནག་གི་སོ་མྱུལ་བྱེད་བཞིན་པའི་གྱོད་དོན་ཁྲིམས་གཏུག་ཕྱིར་འཐེན་བྱས་པའི་ཐད་འགན་འཁུར་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
2023-01-18
རིམ་པའི་འཛམ་གླིང་མི་མང་གི་གོ་རྟོགས་ཆེ་རུ་དང་དངོས་ཡོད་གནས་ཚུལ་ཇེ་གསལ་ཕྱིན་པའི་གནས་སྐབས་སུ་བོད་ཀྱི་བདེན་མཐའ་གསལ་བ་དང་བོད་རྒྱ་ཧོར་གསུམ་ཚང་མར་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་སྐྱེད་བཞིན་ཡོད་བཅས་བཀའ་སྩལ་བ།