གསར་འགྱུར་ཡིག་ཚགས།
2025-03-07
ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ། ས་གནས་གཞིས་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་གཙོས་པའི་འབྲེལ་ཡོད་ཁག་གིས་རོགས་སྐྱོར་གནང་བར་བརྟེན་ནས་ད་བར་གཞིས་ཆགས་འཚོ་གནས་སྲ་བརྟན་ཐུབ་པར་བཀའ་དྲིན་རྗེས་དྲན་ཞུ་གི་འདུག
2025-03-06
རྒྱལ་སྤྱིའི་གནས་སྟངས་ངེས་གཏན་མེད་པའི་འོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རྒྱ་ནག་གི་དཔོན་རིགས་ཀྱིས་ངོས་ལེན་བྱས་འདུག
2025-03-06
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་འཇིམ་མི་ལེ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་དུ་ཉེས་བཙུགས་བྱས་པའི་ཁྲིམས་གཏུགས་ཀྱི་འདྲི་རྩད་མཇུག་སྒྲིལ་འདུག
2025-03-06
རྒྱ་གར་གྱི་འཕགས་བོད་ས་མཚམས་ཉེན་རྟོག་དམག་དཔུང་གིས་ལ་དྭགས་ནས་ཨ་རུ་ན་ཅལ་མངའ་སྡེ་བར་བོད་དང་ས་མཚམས་འཁེལ་ཡུལ་དུ་མཐའ་སྲུང་ས་ཚིགས་གསར་པ་བཞི་བཅུ་བཙུགས་ནས་ས་མཚམས་ཁུལ་ལྟ་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག
2025-03-06
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭ་ཟུར་པ་རྣམ་ལ་མཇལ་ཁ་སྩལ་བ་དང་འབྲེལ། མཇལ་བཅར་བ་རྣམས་ནས་མགོན་པོ་མཆོག་ལ་བརྟན་བཞུགས་འབུལ་བ་ཙམ་མ་ཡིན་པར་༸རྒྱལ་བའི་བཀའ་དགོངས་བསྒྲུབ་རྒྱུར་འབད་རྩོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་།
2025-03-06
རྒྱ་ནག་གིས་སྔ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་གྲོས་འཆར་སྟོན་ཏེ་རྒྱབ་སྐྱོར་ཐོབ་པ་བཞིན། ད་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་སྤྱིའི་དཔལ་ཡོན་ཕན་ཚུན་དབར་གྱི་གྲོས་མོལ་ཉིན་མོ་ཐེངས་དང་པོ་སྲུང་བརྩི་བྱ་རྒྱུ་ཡིན་པ་རྒྱ་ནག་གིས་བསྒྲགས་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱིས་ཐོག་མར་བོད་ཀྱི་གནད་དོན་བསལ་རྒྱུ་ནས་འགོ་འཛུགས་དགོས་པ་གསུངས་སོང་།
2025-03-06
རྒྱ་ནག་གཞུང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་མཚམས་སུ་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བོད་མི་ཚོས་ངོ་རྒོལ་རིགས་མི་ཡོང་བའི་ཆེད་དམ་དྲག་ཆེ་རུ་གཏོང་འགོ་ཚུགས་འདུག
2025-03-05
རྒྱ་ནག་གཞུང་གིས་ད་ལོར་རྒྱལ་སྲུང་མ་དངུལ་བརྒྱ་ཆའི་ ༧.༢ སྤར་རྒྱུ་ཡིན་པ་དང་རྒྱ་ནག་གིས་ད་ལོའི་དཔལ་འབྱོར་འཕར་ཚད་བརྒྱ་ཆ་ལྔའི་དམིགས་ཚད་འཛིན་གྱི་ཡོད་འདུག
2025-03-05
རྒྱ་ནག་གི་ལོ་རེའི་ཚོགས་ཆེན་གཉིས་ཞེས་བ་རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོག་བཞིན་པར་བརྟེན་རྒྱལ་ནང་གི་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་བཀག་ཉར་དང་དམ་དྲག་བྱེད་བཞིན་ཡོད་འདུག
2025-03-05
ཕ་མའི་ཉིན་མོ་སྲུང་བརྩི་དང་འབྲེལ་ཤེས་རིག་བཀའ་བློན་མཆོག་གིས་བོད་ཀྱི་ཕ་མ་ཚོས་བུ་ཕྲུག་གསོ་སྐྱོང་གནང་སྐབས་གཤིས་སྤྱོད་རྩུབ་པོ་དང་དབང་ཤེད་དྲག་པོ་མ་གནང་བའི་སྒོ་ནས་སྐྱེད་སྲིང་བྱ་དགོས་པའི་གསུང་འཕྲིན་སྩལ་འདུག
2025-03-05
ཨ་རིས་རྒྱ་ནག་གི་རིག་དངོས་རྙིང་པ་ཕྱིར་སྤྲོད་བྱ་རྒྱུའི་གྲོས་མཐུན་གྱི་ཆ་ཤས་སུ་ཉེ་ལམ་རིག་དངོས་རྙིང་པ་དང་གནའ་རྫས་གྲངས་ ༤༡ ཕྱིར་སློག་བྱས་པ་ནི། རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འགལ་གྱི་ཡོད་པ་མ་ཟད། དེའི་བདག་དབང་གཙོ་བོ་ནི་བོད་མི་རྣམས་ལ་ཡོད་པས་དངོས་རྫས་རྒྱ་གཞུང་ལ་ཕྱིར་སྤྲོད་བྱས་པ་དེ། ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་དང་འགྲེམས་སྟོན་དོ་དམ་པས་འགྲེལ་བརྗོད་གནང་བཞིན་འདུག
2025-03-05
དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་དགུང་གྲངས་ ༡༡༣ ལྷག་སྐུ་འཚོ་བཞུགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་འགྲོ་བ་མིའི་རིགས་ཀྱི་ཕན་བདེར་ཞབས་འདེགས་བསྒྲུབ་རྒྱུར་ཐུགས་ཁུར་ཆེ་བཞེས་མཛད་རྒྱུའི་བཀའ་བཞེས་བསྐྱར་ནན་མཛད་སོང་།
2025-03-05
བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་གྲོགས་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཅཊ་གྷེཡེར་ (Richard Gere) ལགས་ཀྱིས་བོད་ནང་གི་བོད་མི་ཚོས་ཁོང་དྲག་སྐྱེད་འོང་རྒྱུར་སྨོན་ལམ་གནང་བར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག མུ་མཐུད་བོད་དོན་འཐབ་རྩོད་ཐོག་འབད་རྩོལ་གནང་རྒྱུ་ཡིན་པ་གསུངས་སོང་།
2025-03-04
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་ཁང་ཞིག་ཏུ་བོད་རྒྱལ་ལོ་ ༢༡༥༢ ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་སོང་། འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་སྲིད་འཛིན་ལས་ཡུན་གཉིས་པའི་དམ་འབུལ་གནང་པའི་རྗེས་སུ་ཨ་རིའི་གཞུང་གིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐོག་མར་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐེངས་ ༡༡ པ་དེ་ཆགས་ཡོད་པ་རེད།
2025-03-04
རྒྱ་ནག་གི་ཚོགས་ཆེན་གཉིས་འགོ་ཚུགས་པ་དང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཚེས་ལ་ཉེ་བའི་དུས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་འདྲ་མིན་ནང་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་འདུག