གསར་འགྱུར་ཡིག་ཚགས།
2022-09-21
བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ནི་མི་སྒེར་གྱི་འཚོ་བ་དང་མི་རིགས་ཀྱི་གནས་བབ་གཞི་གཅིག་ཏུ་བསྡུས་ཏེ་ཁེར་རྐྱང་དང་དྲན་གདུང་གི་སྙན་ངག་འབྲི་མཁན་ཞིག་ཡིན་པ། དཔྱད་བརྗོད་པས་བརྗོད་སོང་།
2022-09-20
བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀག་རྒྱར་མ་རྩིས་པར་ཕྱིར་སྐྱོད་མཁན་དང་དཀྲོག་གཏམ་སྤེལ་མཁན་སོགས་ལ་ཉེས་འཛུགས་ཀྱིས་རྒྱ་ནག་གཞུང་གིས་མི་གྲངས་༧༨༦ལ་ཁྲིམས་ཐོག་ནས་ཉེས་ཆད་བཏང་ཡོད་འདུག
2022-09-20
འདི་ཚེས་༢༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༥༡འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༦༩༢༡ཟིན་འདུག་ཀྱང་ཉིན་རེའི་འཕར་ཅུང་མར་ཆག་ཚུལ་བསྟན་འདུག
2022-09-20
སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཐོག་གྱི་གནས་སྟངས་སྐོར་ལ་ཉན་ཞིབ་ཚོགས་འདུ་ཚོགས་ཡོད་པ་རེད།
2022-09-20
སོ་སོའི་ལག་ཤེས་ཀྱི་ཐོག་ནས་སྤྱི་པར་ཕན་པའི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་པ་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུའི་སྟེང་གསུངས་ཡོད་པ་རེད།
2022-09-20
བོད་མི་དར་ཕྱུག་ལགས་བཙོན་ཁང་ནས་དམར་གསོད་བཏང་ཡོད་པ་དང་། གཞན་དག་སྔར་བཞིན་དཀར་མཛེས་ཁུལ་བཙོན་ཁང་ཁྲིད་དེ་བཀག་ཉར་འོག་ཡོད་པ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
2022-09-19
འདི་ཚེས་༡༩ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༣འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༦༧༠༧ཟིན་འདུག་ཀྱང་ཉིན་རེའི་འཕར་ཚད་མར་ཆག་ཚུལ་བསྟན་འདུག
2022-09-19
བོད་མི་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་ཤེས་ཡོན་པ་ཚོར་དབུ་མའི་ལམ་གྱི་གོ་རྟོགས་དགོས་པར་མཐོང་སྟེ་དབུ་མའི་ལམ་གྱི་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ་ཚོགས་འདུག
2022-09-19
བོད་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་འཐུས་ཤོར་སོང་ནས་བོད་མི་ཚོས་དཀའ་སྡུག་ཤུགས་ཆེར་མྱོང་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་སྐྱེ་དང་བློ་ཕམ་ཡོད་པ་གསུངས་བྱུང་།
2022-09-19
ལྷ་སའི་ཁྲེང་ཀོན་ཆུས་ཟེར་བ་དང་ལྷ་ས་མལ་གྲོ་གུང་དཀར་རྫོང། གཞན་ཡང་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སོགས་ནས་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་འདུག
2022-09-17
དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་(Elizabeth)གཉིས་པ་མཆོག་གི་སྐུ་ཕུང་ཞུགས་འབུལ་མཛད་སྒོར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་གདན་ཞུས་ལྟར་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོར་བཅར་གྱི་ཡོད་པ་རེད།
2022-09-17
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་སྟངས་འཛིན་ཐུབ་རྗེས་བལ་བོད་མཐའ་མཚམས་འགག་སྒོ་ཁག་ཕྲལ་དུ་སྒོ་འབྱེད་རྒྱུ་ཡིན་པ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལི་ཊིན་ཧྲུའུ་ཡིས་བརྗོད་འདུག
2022-09-17
རྒྱ་གར་ལ་མང་གཙོའི་ལམ་སྲོལ་གཞི་རྩ་བརྟན་པོ་ཞིག་ཡོད་པ་དེ། རྒྱལ་ཁབ་གཞན་ཚོས་ཞི་བདེ་དང་བརྟན་བརླིང་ཡོང་བའི་མིག་ལྟོས་ཆགས་ཡོད་ཅེས་བཀའ་ཡིག་ཏུ་འཁོད་པ།
2022-09-16
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་ཐུབ་པར་གཞིགས་ན། ལྷ་ས་ཁུལ་སྟོད་ལུང་བདེ་ཆེན་ནས་མི་གཅིག་དང་། རྒྱང་རྩེ་ནས་གཅིག། དེ་བཞིན་གཞིས་ཀ་རྩེ་རྫོང་ཐོག་རང་ནས་མི་གཅིག་བཅས་ཁྱོན་མི་གསུམ་འདས་གྲོངས་སུ་སོང་ཕྱིན་འདུག
2022-09-16
དབུ་མ་འཇུག་པའི་གསུང་ཆོས་འདིར། འཛམ་གླིང་ཡུལ་གྲུ་ཁག་༥༧ནས་ཕྱི་ནང་གི་མི་མང་དྲུག་སྟོང་ལྷག་བཅར་ཡོད་པ་མ་ཟད། ལྷོ་ཨ་མི་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ་ཁག། ཨེ་ཤེ་ཡ་དང་ཡོ་རོབ་སོགས་ཀྱི་ནང་ཆོས་ལ་འབྲེལ་ལམ་ཧ་ཅང་ཆུང་བའི་ཡུལ་གྲུ་ཁག་མང་པོ་ནས་ཀྱང་ཆོས་ཞུ་མང་པོ་ཆེད་བཅར་གནང་ཡོད་པ་རེད།