གསར་འགྱུར་ཡིག་ཚགས།
2023-09-02
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་དུ། སྔ་ལོ་བཀའ་ཤག་གིས་མང་གཙོ་དུས་ཆེན་གྱི་གཏམ་བཤད་ནང་། ཉེ་ལམ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་ཟིན་འདུག་པར། བཀའ་ཤག་གི་བསམ་ཚུལ་ཁག་ཡིག་ཐོག་ནས་ཕུལ་ཟིན་པ་སོགས་གསལ་སྟོན་གནང་གི་འདུག
2023-09-01
གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་གོ་རྟོགས་སྤེལ་ཆེད་ལ་དྭགས་ས་གནས་སུ་གནམ་གཤིས་ཕོར་པ་ཞེས་རྐང་རྩེད་སྤོ་ལོའི་རྩེད་འགྲན་འགོ་འཛུགས་གནང་འདུག
2023-09-01
རྒྱ་ནག་གཞུང་གི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་ཡིག་དེ་བརྒྱུད་བོད་བརྒྱུད་ནང་བསྟན་དར་སྤེལ་ཐོག་འགོག་རྐྱེན་འཕྲད་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གནང་གི་འདུག
2023-09-01
ཞིབ་འཇུག་ཁུངས་ལྡན་གྱིས་དགེ་སློང་མའི་སྡོམ་རྒྱུན་ཞིག་བཙུགས་ཐུབ་ན་ཡག་པོ་ཡོད་ཅེས་བཀའ་སྩལ་བ།
2023-08-31
རྒྱ་ནག་གཞུང་གིས་ཉེ་ཆར་སྤེལ་བའི་ས་ཁྲ་དེ་ཁུངས་ལུང་དང་གཞི་འཛིན་ས་མེད་པ་ཞིག་ཡིན་དུས་གཏན་ནས་ངོས་ལེན་མེད་ཅེས་ཉེ་འཁོར་རྒྱལ་ཁབ་མང་པོས་ངོ་རྒོལ་དང་འབྲེལ་རྒོལ་གཏམ་སྤེལ་འདུག
2023-08-31
རྒྱ་གར་རྡོ་རྗེ་གླིང་ས་གནས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་ཚོགས་པ་གསར་བཙུགས་གནང་ཡོད་པ་དང་ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་ཡན་ལག་ཚོགས་པ་བརྒྱ་ལྷག་ཡོད་པ་རེད་འདུག
2023-08-31
དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ནང་འཚམས་གཟིགས་གནང་བཞིན་པ་དང་ཁོང་གིས་རྒྱ་ནག་གི་དཔོན་རིགས་དང་མཉམ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་འདུག
2023-08-31
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་འཚོགས་རྒྱུའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་སྟེང་བཅར་མིན་གཏན་འཁེལ་མི་འདུག
2023-08-31
བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་དང་འབྲེལ་ཏེ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་མ་འོངས་པར་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་སྟེང་གཏན་འཇགས་ཀྱི་རོགས་པ་དགོས་ནའང་། ལས་གཞི་ཁག་ཅིག་དུས་ཚོད་ངེས་ཅན་ནང་ཚར་ཐུབ་པ་བཟོ་དགོས་སྐོར་གསལ་སྟོན་གནང་གི་འདུག
2023-08-30
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་མཛད་འཕྲིན་ཁག་སྙིང་དབུས་སུ་བཅང་ནས་བོད་དོན་རྒྱབ་སྐྱོར་ལ་འགྱུར་བ་གང་ཡང་མེད་སྐོར་གསུངས་འདུག
2023-08-30
རྒྱ་ནག་གཞུང་གིས་ད་ལྟའི་རྒྱ་གར་མཐའ་མཚམས་ཀྱི་ས་ཁུལ་མི་ཉུང་ཞིག་རྒྱ་ནག་གི་ས་ཁྲའི་ཁོངས་སུ་བཅུག་ནས་སྤེལ་བར་རྒྱ་གར་གྱིས་རྒོལ་གཏམ་དྲག་པོ་བཏང་ཡོད་འདུག
2023-08-30
རྒྱ་གར་ལ་དྭགས་སུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་རྩེད་འགྲན་ནང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་མཉམ་ཞུགས་གནང་གི་འདུག
2023-08-30
སྤྱི་ལོ་༢༠༡༨ ལོ་ནས་ད་བར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་༡༠༠ ལྷག་འཛིན་བཟུང་བྱས་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁིང་གིས་གནས་ཚུལ་ཤེས་རྟོགས་བྱུང་བའི་ཁྲོད། བོད་མི་༦༠ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཧ་གོ་བ་ཙམ་ལས། ཁ་གྲངས་ད་དུང་དེ་ལས་མང་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
2023-08-29
ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་གི་བོད་ཅེས་བའི་ཐ་སྙད་དེ་ཡང་མེད་པར་བཟོ་ཐབས་བྱེད་བཞིན་པ་བོད་གནས་མཁས་པས་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་སྐབས་གསུངས་འདུག
2023-08-29
རྒྱ་གར་ནང་འཚོགས་རྒྱུའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་སྟེང་བོད་དོན་གླེང་དགོས་པ་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་འབོད་སྐུལ་ཞུ་བཞིན་འདུག