གསར་འགྱུར་ཡིག་ཚགས།
2023-08-05
རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བའི་གནས་བབས་དེ་ད་དུང་གཟབ་ཏུ་གཏོང་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མེ་ཐིའུ་མི་ལར་གྱིས་ཕྱི་ཟླ་༨ཚེས་ ༤ ཉིན་གསལ་བསྒྲགས་གནང་འདུག
2023-08-04
རྒྱ་ནག་གཞུང་གི་གོ་སྒྲིག་འོག་ལྷ་སར་བསྐྱོད་པའི་ཕྱི་རྒྱལ་གསར་འགོད་པ་ཞིག་གིས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དར་ཆའི་འོག་ཏུ་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་དགོས་པའི་གནས་ཚུལ་སྤེལ་འདུག
2023-08-04
རྒྱ་ནག་གཞུང་གིས་བོད་དང་ཐེ་ཝན་ཡུ་གུར་སོགས་དུག་ལྔ་ལ་ངོས་འཛིན་གྱིས་དེ་དག་རྩ་མེད་བཟོ་ཐབས་ཀྱི་ལས་དོན་འདྲ་མིན་སྤེལ་བཞིན་ཡོད་འདུག
2023-08-04
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སིམ་ལར་བོད་མི་གནས་ཁུལ་གྱི་སྤྱི་ཁྱབ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་སྐབས་ས་གནས་བོད་མིར་ས་ཆ་བོགས་གཏོང་དང་འབྲེལ་བའི་དཀའ་ངལ་སྐོར་སྙན་སེང་ཞུས་ཡོད་འདུག
2023-08-03
རྒྱ་ནག་གཞུང་གིས་གསང་ཉུལ་བ་འགོག་རྒོལ་ཟེར་བའི་ཁྲིམས་གཞི་གསར་བའི་འོག་རྒྱ་ནག་ནང་ཡོད་པའི་ཨ་རིའི་མི་སེར་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་རྒྱུའི་ཉེན་ཁ་འབྱུང་སྲིད་པའི་བློ་ཚབས་ཡོད་པ་ཨ་རིའི་གཞུང་གིས་འགྲེལ་བརྗོད་བྱས་འདུག
2023-08-03
ཨ་རིའི་ཝིར་ཇི་ནི་ཡ་གཙུག་ལག་སློབ་ཆེན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་སྤྱི་ཚོགས་ཕན་བདེ་སྒྲུབ་པའི་གཞོན་སྐྱེས་འགོ་ཁྲིད་ཀྱི་འདུ་འཛོམས་ཞིག་བསྐོངས་ཚོགས་གནང་བཞིན་འདུག
2023-08-03
སྤྱི་ཟླ་༨པའི་ཚེས་༡ ནས་ཚེས་༢ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ། གཙུག་ལག་སློབ་ཆེན་འདྲ་མིན་གྱི་སློབ་དཔོན། གཞུང་ཚབ་ཟུར་པ་སོགས་ལྷན་ཞུགས་ཀྱིས། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་ཤུགས་རྐྱེན་དང་དེས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་ཕྱོགས་སོགས་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཞིག་ཚོགས་ཡོད་འདུག
2023-08-02
རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བཙོན་ཁང་མདུན་ཕྱག་འཚལ་ནས་ཞི་བའི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་ཉེན་རྟོག་པས་རུབ་ནས་བཀག་འདུག
2023-08-02
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་བྱེད་རྒྱུའི་དུས་ཚོད་སླེབས་ལ་ཉེ་བར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དཔྱད་གཞིའི་སྙན་ཐོ་བཏོན་འདུག
2023-08-02
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེ་བོད་ལ་ནམ་ཡང་འཇུག་ཐབས་མེད་སྐོར་ལྡི་ལིར་ཚོགས་པའི་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ཀྱི་དྲག་རྩུབ་ཅེས་བའི་བགྲོ་གླེང་ཚོགས་འདུའི་ཐོག་གསུངས་འདུག
2023-08-02
རྒྱ་གར་གྱི་ནང་པའི་གནས་ཆེན་མཉན་ཡོད་དུ་རྒྱལ་ཁབ་འདྲ་མིན་གྱི་ནང་པའི་དགེ་སློང་མ་༡༤༠ལྷག་དབྱར་གནས་ལ་བཞུགས་བཞིན་འདུག
2023-08-02
རྒྱ་ནག་གཞུང་གིས་བོད་ནང་གྲྭ་བཙུན་ཚོས་རྒྱ་ནག་གཞུང་གི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཐག་གཅོད་ལ་ངོས་ལེན་དགོས་པའི་གཏམ་བཤད་སྤེལ་ཡོད་པ།
2023-08-01
ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་འབོར་ཆེན་མཁོ་འདོན་བྱེད་འཆར་ལ་རྒྱ་ནག་གཞུང་གིས་དེ་ནི་ནོར་འཁྲུལ་དང་ཉེན་ཁ་ཅན་གྱི་ཐག་གཅོད་ཡིན་ཚུལ་སྐྱོན་བརྗོད་བྱས་འདུག
2023-08-01
རྒྱ་ནག་གཞུང་གིས་སོ་ཉུལ་འགོག་རྒོལ་གྱི་ལས་དོན་ནང་ལེགས་གསོལ་བྱ་དགའ་སྤྲོད་པ་སོགས་དཔལ་འབྱོར་བེད་སྤྱད་དེ་མང་ཚོགས་མཉམ་ཞུགས་ཡོང་ཐབས་བཟོ་བཞིན་འདུག
2023-08-01
བལ་ཡུལ་ནང་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་གཙོ་བོ་བལ་ཡུལ་ནང་གི་བོད་མི་ཚོར་དམ་དྲག་ཆེད་ཡིན་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།